དགུན་ཁར་དྲོ་སྐྱིད་བསྐྱལ། དམངས་འཚོ་ལེགས་སུ་ཕྱིན།

ཉིན་ཤས་གོང་། “ཇོ་མོ་གླང་མའི་བུ་ཕྲུག་གི་སེམས་པ་ཏང་ལ་ཕྱོགས། སྒོ་དབྱེ་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད”ཅེས་པའི་གཞིས་རྩེ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི“དགུན་ཁར་དྲོ་སྐྱིད་ཁག་དྲུག་སྐྱེལ་བའི”ལྷ་རྩེ་རྫོང་གི་དཔེ་སྟོན་རང་བཞིན་གྱི་བྱེད་སྒོ་དང“རྒྱལ་དར་ལྷབ་ལྷུབ་གཡོ། མཐའ་མཚམས་འོད་ཀྱིས་བརྒྱན”ཞེས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོས“རིགས་པའི་གཞུང་ལུགས་དང་། སྲིད་ཇུས། རིག་རྩལ། གློག་བརྙན། དཔེ་དེབ། ཞབས་ཞུ་བཅས་ཁག་དྲུག་སྐྱེལ་རྒྱུ”ནང་དོན་དུ་བྱས་ཏེ། གཞི་རིམ་གྱི་འཐབ་ས་དང་པོར་ཏང་གི་ཐུགས་ཁུར་དང་། ཤེས་དཔལ་གྱི་དྲོ་སྐྱིད། ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་ཀྱི་རྒྱགས་ཕྱེ་བཅས་བསྐྱལ་ཡོད། འདི་ནི་བྱེད་སྒོ་སྤེལ་རིང་ཡིག་གཟུགས་དབྱིངས་པ་ཚོས་ས་ཡུལ་དངོས་ཀྱི་མང་ཚོགས་ལ་ཡིག་གཟུགས་བརྩམ་བྱ་སྤྲོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།