དབུ་ཤོག>པར་མཛོད།>འཛམ་གླིང་པར་རིས།
  • ཧུའུ་ནན་ཁྲང་ཏེར་མངགས་ཐོའི་ཐོན་རྫས་བཟོ་བའི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-16


    འདི་ནི་ཟླ་1ཚེས་14ཉིན་ཁྲང་ཏེ་མཐོ་གསར་ཁུལ་དུ་ཡོད་པའི་ཀྲུང་ལན་ཀྲུང་ཁོའོ་འཛུགས་སྐྲུན་ལྗིད་འདེགས་འཕྲུལ་ཆས་ཚད་ཡོད་འགན་འཁྲི་ཀུང་སིའི་བཟོ་པས་ལྕོག་དབྱིབས་ལྗིད་འདེགས་འཕྲུལ་འཁོར་གྱི་ལྷུ་ལག་ཐོན་སྐྱེད་བྱེད་བཞིན་པ།

    ལུགས་རྙིང་ལོའི་ལོ་མཇུག་ཏུ་ཧུའུ་ནན་ཁྲང་ཏེ་མཐོ་གསར་ཁུལ་གྱི་ཁེ་ལས་མང་པོ་ཞིག་གིས་བྲེལ་བརྩོན་ཆེན་པོས་ཕྱི་རྒྱལ་ནས་མངགས་པའི་ཐོན་རྫས་བཟོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཁྲང་ཏེ་མཐོ་གསར་ཁུལ་གྱིས་རིག་ནུས་སྒྲིག་ཆས་བཟོ་སྐྲུན་དང་། རྒྱུ་ཆ་གསར་བའི་ནུས་རྒྱུ་གསར་པ་སོགས་ཀྱི་ཐོན་ལས་གཙོ་བོར་བཟུང་ནས་འཕེལ་རྒྱས་བཏང་ཞིང་། མིག་སྔར་བཟོ་ལས་ཁེ་ལས་1892ཡོད་པའི་ནང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་415དང་། མཐོ་གསར་ལག་རྩལ་ཁེ་ལས་227ཡོད། 2025ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1030ཙམ་ཟིན་པ་དང་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་བསྡོམས་འབོར་སྒོར་དུང་ཕྱུར50ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།