ཀན་སུའུ་ཅིན་ཁྲང་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་ཐོན་སློབ་མཉམ་འདྲེས་དང་རྩལ་ནུས་མཉམ་ལས་གཏིང་ཟབ་ཏུ་བཏང་བ།

འདི་ནི་ཟླ་1ཚེས་13ཉིན། ཀན་སུའུ་མདོག་ལྡན་ལྕགས་བཞུ་ལས་རིགས་ལག་རྩལ་སློབ་གླིང་གི་རིག་ནུས་བཟོ་སྐྲུན་ཐོན་སློབ་མཉམ་འདྲེས་དངོས་སྦྱོང་རྟེན་གཞིར། ཆེད་ལས་དགེ་རྒན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་སློབ་མར་ཚ་རྒྱག་འཕྲུལ་མི་བཀོལ་སྤྱོད་བྱེད་སྟངས་སློབ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཅིན་ཁྲང་གྲོང་ཁྱེར་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ནས། རྒྱལ་སྤྱིའི་ཐོན་སློབ་མཉམ་འདྲེས་དང་རྩལ་ནུས་མཉམ་ལས་ཀྱི་དངོས་སྒྲུབ་བྱ་ཐབས་གཏིང་ཟབ་ཏུ་བཏང་བ་དང་ཆབས་ཅིག ཀན་སུའུ་མདོག་ལྡན་ལྕགས་བཞུ་ལས་རིགས་ལག་རྩལ་སློབ་གླིང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པར་གསོ་སྦྱོང་བྱེད་པའི་རྣམ་གྲངས་གཉེར་འགན་འཁུར་བ་རེད། གསོ་སྦྱོང་གི་ནང་དོན་ཐད་ཨ་ཧྥུ་ཀ་ནི་སི་ཐན་གྱི་གཏེར་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་ས་གཤིས་དང་། གཏེར་འདོན། གཏེར་འདེམས། ལྕགས་བཞུ། སྒྲིག་ཆས་བདག་སྐྱོང་བཅས་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་སོགས་ཆེད་ལས་བཀོད་སྒྲིག་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།