ལྷ་ཀླུ་འདམ་རའི་ཁྲུང་ཁྲུང་སྐེ་ནག

འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་པའི་ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་རར་རྩྭ་ཆུ་འཛོམས་ལ་ཆུ་སྤུས་ལེགས་ཤིང་། ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། ངུར་པ་སོགས་རྩ་ཆེའི་བྱ་རིགས་དེ་གར་ཅི་དགར་རོལ་བཞིན་ཡོད། འདམ་རའི་བྱ་རིགས་ཀྱི་རིགས་ཁྱུའི་གྲངས་འབོར་བརྟན་པོར་འཕར་བ་དང་། བྱ་རིགས་མང་པོ་འཛོམས་པའི་གསོན་ཉམས་དོད་པའི་པར་རིས་ལས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞི་མཐུན་རི་མོ་ཞིག་གྲུབ་པ་མ་ཟད། ལྷ་སའི་མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་སྐྱེ་ཁམས་ཀྱི་ཕན་འབྲས་དེ་བས་མངོན་ཡོད་པ་རེད། འདི་ནི་ལྷ་ཀླུ་འདམ་རར་ཅི་དགར་རོལ་བའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།
འབྲེལ་ཡོད་གསར་འགྱུར།