དམག་སྦྱོང་ཧུར་ཐག་བྱས། འཇོན་ཐང་ཆེ་རུ་བཏང་།

ཉེ་ཆར། ལྷ་སའི་ཉེན་སྲུང་དམག་ཁུལ་དུ་2026ལོའི་ལོ་འཁོར་གྱི་དམག་དོན་སྦྱོང་བརྡར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པ་དང་། ཉེན་སྲུང་དམག་ཁུལ་ཏང་ཨུད་དང་ལས་ཁུངས་ཀྱི་ཁོངས་མིས་སྔོན་ལ་སྦྱོང་བརྡར་བྱ་ཡུལ་དུ་བསྐྱོད་ནས་མེ་མདའ་དངོས་སུ་རྒྱག་སྟངས་སྦྱངས་ཏེ་ལོ་གསར་པའི་དམག་དོན་སྦྱོང་བརྡར་ལ་ནན་ལ་ཏན་ཏིག་གི་རྨང་གཞི་བཏིང་ཡོད། དེ་རྗེས་སྦྱོང་བརྡར་བྱ་ཡུལ་དུ་ཡོད་པའི་དཔོན་དམག་ཚོས་བཀའ་འབྱོར་འཕྲལ་སྒྲུབ་ཀྱིས་སྦྱོང་བརྡར་བྱེད་འགོ་བརྩམས། འདི་ནི་དཔོན་དམག་ཚོས་སྨི་400ཡི་འགོག་བརྒལ་རྣམ་གྲངས་སྦྱོང་བརྡར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།