གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་ལ་སྲུང་སྐྱོང་བྱས་ནས་ཤེས་དཔལ་གྱི་སྲོལ་གསར་ལག་ལེན་བསྟར་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གུར་ས་སྡེ་ཁུལ་གྱིས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཚད་ལྡན་ངང་འཇོག་པའི་གྲོས་འགོ་བཏོན་ཏེ། བྱ་ཐབས་ཏན་ཏིག་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་བཅོས་སྐྱོང་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་བ་རེད།
བྱེད་སྒོ་སྤེལ་རིང་། སྡེ་ཁུལ་གྱི་ལས་དོན་པ་ཚོང་ཁང་100ལྷག་ཙམ་དུ་བསྐྱོད་དེ་གྲོས་འགོའི་ཡི་གེ་སྤྲད་པ་མ་ཟད། འཕྲུལ་སྒུལ་མིན་པའི་འཁོར་རིགས་ཚད་ལྡན་ངང་འཇོག་པའི་བླང་བྱ་ཡང་གསལ་འགྲེལ་དང“སྒོ་འགྲམ་གྱི་འགན་ལེན་གསུམ”གྱི་འགན་འཁྲི་ཁ་གསལ་བཟོས་ནས་ཚོང་པ་རྣམས་ཀྱིས་རང་རྟོགས་ངང་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་དང་ཤེས་དཔལ་གྱི་སྲོལ་གསར་ལག་ལེན་བསྟར་མཁན་ཡག་པོ་བྱེད་པར་ཁྲིད་སྟོན་བྱས་ཐོག མང་ཚོགས་ཀྱི་འགྲུལ་བཞུད་བདེ་འཇགས་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་རེད།

འདི་ནི་ལས་དོན་པས་ཚོང་པར“སྒོ་འགྲམ་གྱི་འགན་ལེན་གསུམ”གྱི་ནང་དོན་གསལ་འགྲེལ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།