འཐབ་ས་ཆུང་ངུར་བརྟེན་ནས་བདེ་ཐང་ཆེན་པོ་བསྲུངས་པ།

ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་ཀུན་སྤྱོད་སྨན་བཅོས་ཁྲེང་ཏུའུ་ཁྲེང་ཧྥེ་སྨན་ཁང་དང་མཉམ་ལས་གཏིང་ཟབ་བྱས་ནས་སྣེ་གདོང་ཆུས་སུ་འོལ་མོ་ལུང་རིང་དམངས་ཕན་སྨན་བཅོས་ཁང་བཙུགས་པ་ལས་རང་ལྗོངས་སུ“ཀུན་ཁྱབ་སྨན་བཅོས་ཁང་ཆུང་ངུ”བསྐྲུན་པ་མཚོན་ལ། ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པ་དང་མཐའ་མཚམས་མང་ཚོགས་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་བར་འཕེལ་རིམ་གསར་པ་ཐོབ་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “ཀུན་ཁྱབ་སྨན་བཅོས་ཁང་ཆུང་ངུར”བརྟག་དཔྱད་དང་། དོ་དམ། ནད་བརྟག་སྨན་བཅོས། དྲག་སྐྱེད་སོགས་ནུས་པ་གཞི་གཅིག་ཏུ་འདུས་ཡོད་ལ། དངོས་གཞི་དང་། སྒུལ་བདེ། སྤྲིན་ཚོམ་བཅས་ཀྱི་ལས་རྣམ་གསུམ་ལ་བརྟེན་ནས་གཞི་རིམ་གྱི་སྨན་པ་བསྟེན་དཀའ་བའི་དཀའ་གནད་བསལ་ཡོད།
འདི་ནི“ཀུན་ཁྱབ་སྨན་བཅོས་ཁང་ཆུང་ངུའི”སྨན་པས་མང་ཚོགས་ལ་ནད་བརྟག་སྨན་བཅོས་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།