དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • མང་ཚོགས་རོལ་དབྱངས་འདུ་ཚོགས་འཚོགས་ནས་ས་མཐོའི་མཛེས་སྡུག་གླུ་རུ་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-24

    ཟླ་12ཚེས་20ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས་ཀྱིས་ལོ་གསར་བསུ་བའི“ང་ཚོའི་དུས་ཆེན་ལ་གླུ་པ་གླུ་མ་མང”ཞེས་པའི་མང་ཚོགས་རོལ་དབྱངས་འདུ་ཚོགས་ལྷ་ས་རྫོང་རྒྱབ་ཀླུ་ཁང་དུ་འཚོགས་པ་རེད། འཁྲབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་འདྲ་མིན་སྣ་ཚོགས་པ་སྟེ། སྙན་དབང་གསོ་བའི་དམངས་ཁྲོད་རོལ་མོ་མཉམ་དཀྲོལ་ཡོད་ལ། བྱིས་པའི་ལྷ་མོ་འཛིན་གྲྭས་འཁྲབ་པའི་སྲོལ་རྒྱུན་གྱི་ལྷ་མོ་ཡང་ཡོད་པས། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་གསོན་ཤུགས་གང་ལེགས་མངོན་ཡོད། གཞན་ཡང་། སྟོད་གཞས་དང་གླུ་གར་སོགས་ལེ་ཚན་མང་པོ་འཁྲབ་སྟོན་བྱས་ནས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འབུངས་དང་ཧུར་བརྩོན་ཡར་ཐོན་བྱེད་པའི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་ཡོད་པ་རེད། འདི་ནི་རོལ་དབྱངས་འདུ་ཚོགས་འཚོག་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།