ཕྱུགས་ལས་ཐོན་རྫས་བྲིན་ཁ་རྒྱུག འབྲོག་པའི་གདོང་ནས་འཛུམ་མདངས་འཕྱུར།

ཟླ་12ཚེས་15ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་2025ལོའི་ཕྱུགས་ལས་ཐོན་རྫས་ཚོང་འདུས་སྐབས་བཅོ་བརྒྱད་པ་ཟོག་འགྲེམས་ཁུལ་གྱི་ཞིང་ཟོག་ཁྲོམ་རར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11ནས་ཡོང་བའི་འབྲོག་པའི་མཉམ་ལས་ཁང་དང་། གསོ་ཚགས་དུད་ཚང་། ས་གནས་ཁག་གི་ཉོ་སྒྲུབ་ཚོང་པ་བཅས་དང་དེ་བཞིན་འཛད་སྤྱོད་པ་3000ལྷག་ཙམ་དེ་གར་འཛོམས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོང་འདུས་འཚོག་ཡུན་ཉིན་5ཡིན་པ་དང་། ཚོང་གཉེར་བྱེད་པོ་བསྡོམས་1485ཚོང་འདུས་ལ་ཞུགས་པའི་ནང་མཉམ་ལས་རྩ་འཛུགས(ཁེ་ལས)172དང་། ཁྱིམ་ཚང་འབྲོག་ར་དང་གསོ་ཚགས་དུད་ཚང་371 ཞིང་འབྲོག་དུད་ཚང་942བཅས་ཡོད་པས། ཚོང་འདུས་ཀྱི་གཞི་ཁྱོན་ལོ་གོང་མ་དང་བསྡུར་ན་དེ་བས་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།