བོད་ལྗོངས་རུ་ཁག་གི་རྒྱལ་མཚན་གྱིས།
རྒྱལ་ཡོངས་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ནང་དངུལ་གྱི་རྟགས་མ་བླངས་པ།

ཟླ་12ཚེས་12ཉིན་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་འགྲན་བསྡུར་ཀོང་ཏུང་ཀྲུང་ཧྲན་དུ་འཚོགས་པ་རེད། བོད་ལྗོངས་རུ་ཁག་གི་བདམས་ཐོན་པ་རྒྱལ་མཚན་གྱིས་སྐྱེས་པའི་ལོ་16ནས་21བར་གྱི་ཚོགས་ཆུང་གི་སྨི་50ཡི་མཐའ་བསྡུར་གྱི་ཚོགས་ཆུང་གསུམ་པའི་འགྲན་བསྡུར་ནང་དངུལ་གྱི་རྟགས་མ་བླངས་ཤིང་། འདི་ནི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་རྒྱལ་མཚན་གྱིས་དགའ་འབོད་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།