དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • སློབ་གྲྭའི་ནང་རྐང་འཁོར་བཞོན་པའི་སྤྲོ་སྣང་ལ་རོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-11

    ཟླ་12ཚེས་2ཉིན། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སློབ་འབྲིང་གསུམ་པར་རྐང་འཁོར་རྣམ་གྲངས་ཀྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་རྐང་འཁོར་ལུས་རྩལ་མཐུན་ཚོགས་ཀྱི་ཆེད་ལས་རྩལ་ཁྲིད་པའི་དཔུང་ཁག་གིས་བདེ་འཇགས་ངང་རྐང་འཁོར་བཞོན་པ་དང་བཀག་རྡོ་གཡོལ་ཐབས་སོགས་ཀྱི་རྩལ་ནུས་དཔེ་སྟོན་བྱས་པ་རེད། བྱེད་སྒོ་དེ་ནི་2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་རྣམ་གྲངས་ཀྱི་བྱེད་སྒོ་སློབ་གྲྭར་སྤེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེས་སློབ་གྲྭའི་ལུས་རྩལ་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་དང་གཟུགས་གཞི་བདེ་ཐང་ལའང་ཕན་ཐོགས་ཡོད་པའི་ཁར། ལྗོངས་ཡོངས་ཀྱི་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་འཕེལ་རྒྱས་གཏོང་བར་དཔེ་མཚོན་ཞིག་བཏོད་ཡོད།འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་རྩལ་ཁྲིད་པས་སློབ་མ་ཚོར་རྩལ་ནུས་སློབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།