ཁམ་བུའི་ཐོན་འབབ་བཟང་། ཤིང་འབྲས་འཐོག་པར་བྲེལ།

འདི་ནི་རྟེན་གཞིའི་ལས་མིས་དགུན་ཁམ་འཐོག་བཞིན་པ།

འདི་ནི་བོད་ལྗོངས་ཡོན་རུན་ཞིང་ལས་ཚད་ཡོད་ཀུང་སིའི་དགུན་ཁམ་འདེབས་འཛུགས་རྟེན་གཞིའི་སྐྱེ་འཚར་བཟང་བའི་དགུན་ཁམ་ཡིན་པ།
ཉེ་ཆར། སྨན་གླིང་གྲོང་ཁྱེར་གྱི་དགུན་ཁམ་ཐོན་འབབ་ཡག་སྒང་ཡིན་ཞིང་། གནས་ལུང་ཤང་རྒྱ་ཕང་གྲོང་ཚོར་གནས་པའི་བོད་ལྗོངས་ཡོན་རུན་ཞིང་ལས་ཚད་ཡོད་ཀུང་སིའི་དགུན་ཁམ་འདེབས་འཛུཌ་རྟེན་གཞི་ནས་ཁམ་བུ་འཐོག་པར་བྲེལ་བའི་རྣམ་པ་ཞིག་མཐོང་རྒྱུ་ཡོད། ད་ལོ་རྟེན་གཞིས་དགུན་ཁམ་མུའུ་500ལྷག་ཙམ་བཏབ་པར་སྔོན་དཔག་ལྟར་ན་ཐོན་འབབ་རྒྱ་མ་ཁྲི་2ཟིན་བཟོ་ཡོད་པ་དང་ཟླ་འགོ་ནས་ད་བར་དགུན་ཁམ་རྒྱ་མ་5000ལྷག་ཙམ་བཏོགས་ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།