དབུ་ཤོག>པར་མཛོད།>པར་མཁན།
  • འབྲི་ཆུའི་ཟུར་གསུམ་གླིང་རིག་གནས་འགྲེམས་ཚོགས་སྐབས་དྲུག་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-24

    ཉེ་ཆར། འབྲི་ཆུའི་ཟུར་གསུམ་གླིང་རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམས་ཚོགས་སྐབས་དྲུག་པ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས(ཧྲང་ཧའེ)སུ་འགོ་ཚུགས་པ་དང་། ད་རེས་ཀྱི་རིག་གནས་འགྲེམས་ཚོགས་སུ“རིག་གནས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར། རིག་གནས་ཐོན་ལས་གསར་གཏོད་གསར་རྩོམ་གྱི་ནུས་པ་འཕེལ་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་བ་དང་འགྲེམས་ཚོགས་ཀྱི་གཞི་ཁྱོན་ལ་སྨི་ངོས་གྲུ་ཁྲི་8ཟིན་པ་དང་། དེར་རིག་གནས་ཐོན་ལས་དང་འབྲེལ་བའི་ཚན་པ་དང་ཁེ་ལས་1500ལྷག་ཙམ་གྱི་སྤུས་རྟགས་བསྡུས་ཡོད། འདི་ནི་ལྟད་མོ་བ་མང་པོས་ཨན་ཧུའེ་འགྲེམས་ཁུལ་དུ་འོང་ནས་ཞིམ་ཟས་ལ་རོལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།