འཕན་པོ་ལྷུན་གྲུབ་རྫོང་གི་ལྟ་ན་སྡུག་པའི་སྟོན་ལྗོངས།

འདི་ནི་མཁར་རྩེ་ཤང་གི་ནུབ་ཁའི་མཚམས་སྤྲིན་ཡིན་པ།

འདི་ནི་བྱང་ཁ་གྲོང་རྡལ་མདུན་གྲོང་གྲོང་ཚོའི་སོ་ནམ་པས་བཙས་མ་བརྔ་བཞིན་པ།

འདི་ནི་ལྷ་སའི་གྲོང་མིས་ལྷུན་གྲུབ་རྫོང་གི་ལྕང་གསེབ་ཏུ་རྩེད་འཇོར་རོལ་བ།

འདི་ནི་མཁར་རྩེ་ཤང་དུ་སོ་ནམ་པས་བཙས་མ་བརྔ་བཞིན་པ།

འདི་ནི་མཚོ་སྟོད་ཤང་མཁར་གདོང་གྲོང་ཚོར་ཁྲུང་ཁྲུང་སྐེ་ནག་འཕུར་ལྡིང་བྱེད་བཞིན་པ།

འདི་ནི་ངར་ནང་ཤང་གི་ཡིད་དུ་འོང་བའི་ལུང་གཞུང་ཡིན་པ།
སྟོན་གྱི་རང་མདངས་ལས་ལྷུན་གྲུབ་ཡུལ་དུ་གསེར་ཞུན་བྱུགས་པ་ལྟར་སྣང་ཞིང་། ཁྲུང་ཁྲུང་རྣམས་མ་གྲོས་གཅིག་མཐུན་ངང་གསུང་སྙན་སྒྲོག་བཞིན་དེ་གར་དགུན་སྒྲོལ་དུ་ཡོང་བཞིན་མཆིས། རང་བཞིན་ལྷུན་གྱིས་གྲུབ་པའི་ངང་ཚུལ་ཅན་གྱི་ཡུལ་ཕྱོགས་འདི་ཉིད“ལྷ་སའི་འབྲུ་མཛོད”དང“ལྷ་སའི་རྒྱབ་ངོས་ཀྱི་སྐྱེད་ཚལ”ཡིན་པའི་མཚོན་དོན་ཡང་མངོན་པར་གསལ། མི་རྣམས་ཡུལ་དེའི་དབྱར་དུས་ཀྱི་སྤྲོ་སྣང་ཁྲོད་དགའ་བས་མྱོས་པར་གྱུར་མྱོང་ནའང་། ཡུལ་ལུང་དེ་གར་དངོས་སུ་བསྐྱོད་ན་གཞི་ནས་སྟོན་ཀ་དང་དགུན་ཁ་ཡོངས་སུ་ཚོར་ཐུབ་ལ། མི་སེམས་གཡོ་བར་བྱེད་པའི་ཡུལ་ལྗོངས་ནི་དུས་ཚིགས་བཞི་ལས་ཡུལ་ཁམས་སྐོར་རིན་ཡོད་པའི་ནམ་དུས་ཡག་ཤོས་རེད།
རྔ་ཆེན་ལ་ནས་ལྡང་བའི་རླུང་བུས་གྲང་ངར་གྱི་སྣང་བ་ཁྱེར་ནས་ལ་སྒང་དུ་སླེབས་སྐབས། ལྷུན་གྲུབ་ཡུལ་གྱི་སྟོན་ཀ་ཡང་ལྷ་སའི་སྐྱིད་ཆུའི་ཆུ་ལག་བརྒྱུད་ནས་མངོན་པ་དང་ཡུལ་ལུང་ཧྲིལ་པོར་གསེར་ཞུན་བྱུགས་པ་ལྟར་སྣང་། ལྷ་སའི་གྲོང་མི་ཚེ་རིང་གིས་བརྗོད་པ་བཞིན། ལྷུན་གྲུབ་ཀྱི་སྟོན་ཀ་ནི་ལྟ་ན་སྡུག་པའི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བར། འབྲི་གཡག་དང་། ཞིང་ས། གྲོང་སྡེ་བཅས་ལས་ཡི་གར་འོང་བའི་བཀྲག་མདངས་དང་ཉམས་བཟང་རབ་ཏུ་མངོན།
སྟོན་དུས་ཀྱི་ལྷུན་གྲུབ་ནི། དགུན་ཁའི་དཔལ་ལ་རོལ་བའི་བསུ་མ་ལྟ་བུའང་རེད། ཡར་ཀླུང་གཙང་པོའི་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་ན། རྒྱང་རིང་དུ་གཉན་ཆེན་ཐང་ལྷའི་རི་མགོ་ཁ་བས་ཡོངས་སུ་བཀླུབས་ཤིང་། ཉེ་སའི་མཚེའུའི་ངོས་སུ་ལྗོན་ཤིང་དག་གི་མཛེས་ཉམས་རྣམ་པར་གསལ། འདམ་རྩྭའི་གསེབ་ནས་འཇོ་སྒེག་གི་གར་སྟབས་མངོན་པ་ནི་སྔ་ས་ནས་སླེབས་ཟིན་པའི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་རེད། ནགས་སྲུང་བ་དོན་གྲུབ་ཚེ་རིང་གིས་སྐད་གདངས་དམའ་པོས“ད་ལོ་འདབ་ཆགས་རྣམས་ལོ་སྔོན་མ་དང་བསྡུར་ན་ཉིན་ཁ་ཤས་ཀྱིས་སྔ་བ་སླེབས་འདུག ད་ལྟ་ཁྲུང་ཁྲུང་30ལྷག་ཙམ་ལས་མེད་ནའང་ཟླ་11པའི་ཟླ་དཀྱིལ་དང་ཟླ་སྨད་ནས་སང་ལོའི་ཟླ་3པའི་བར་ཁྲུང་ཁྲུང་སྐེ་ནག་2000ལྷག་སྔ་རྗེས་སུ་འཕུར་ཡོང་གི་ཡོད། མཁར་རྩེ་ཤང་གི་ནས་ཞིང་དང་ལྕང་ར་ཤར་ཤང་གི་འདམ་རར་ཁྲུང་ཁྲུང་དག་བག་ཕེབས་ངང་རྒྱུ་བའི་རྣམ་པ་མཐོང་རྒྱུ་ཡོད། དེ་ནི་ལྷུན་གྲུབ་ཀྱི་དགུན་ཁའི་རྣམ་པ་མཛེས་ཤོས་རེད”ཅེས་བརྗོད།
དགུན་ཁ་ཚུགས་ལ་ཉེ་ཡང་། ལྷུན་གྲུབ་ཀྱི་སྟོན་དུས་ནི་སྔར་བཞིན་བཀྲག་མདངས་རྒྱས་བཞིན་གནས།
འབྲེལ་ཡོད་གསར་འགྱུར།