ཤང་དུ་ཡིག་རྒྱུགས་བཏང་། དམངས་ལ་ཕན་བདེ་བསྐྲུན།

འདི་ནི་ས་གནས་དེ་གའི་མང་ཚོགས་ཚོས་ཐེམ་ཐོ་ཡོད་སར་སྦག་སྦག་ལག་ཁྱེར་གྱི་རྒྱུགས་གཏོང་བཞིན་པ།

འདི་ནི་ས་གནས་དེ་གའི་མང་ཚོགས་ཚོས་ཐེམ་ཐོ་ཡོད་སར་སྦག་སྦག་ལག་ཁྱེར་གྱི་གཞུང་ལུགས་ཡིག་རྒྱུགས་གཏོང་བཞིན་པ།
ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོའི་འཁོར་གཏོང་ཡིག་རྒྱུགས་གཏོང་སྐབས་ལམ་ཐག་རིང་བ་དང་ཕར་རྒྱུག་ཚུར་རྒྱུག་གི་དཀའ་གནད་སེལ་ཆེད། མལ་གྲོ་གུང་དཀར་རྫོང་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ”ཅེས་པ་དམ་འཛིན་བྱ་གཞིར་བྱས་ཏེ། “གྲོང་གསེབ་ཏུ་རྒྱུགས་གཏོང”གི་དམངས་ཕན་ཞབས་ཞུ་གཏིང་ཟབ་སྤེལ་ནས་དམངས་འཚོ་འགན་ལེན་དང་བདེ་འཇགས་བཅོས་སྐྱོང་གཉིས་ཀ་སྒྲུབ་ཐུབ་པར་བྱས་ཡོད།
མིག་སྔའི་བར། རྫོང་དེ་ཡོངས་ཀྱི་བཀྲ་ཤིས་སྒང་ཤང་དང་གུང་དཀར་གྲོང་རྡལ་སོགས་ཤང་དང་གྲོང་རྡལ་མང་པོར་ཁྱབ་པའི“གྲོང་གསེབ་ཏུ་རྒྱུགས་གཏོང”གི་བྱེད་སྒོ་ཐེངས་མང་སྤེལ་ཞིང་། རིམ་རྩིས་བརྒྱབ་ན་ཞིང་འབྲོག་ཁུལ་གྱི་མང་ཚོགས་2200ལྷག་ཙམ་ལ་སྦག་སྦག་གི་ལག་ཁྱེར་རག་ཡོད།
འབྲེལ་ཡོད་གསར་འགྱུར།