དབུ་ཤོག>པར་མཛོད།
  • ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-21

    འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་མུའུ་ཁྲིའི་འདྲེ་ཚེར་མའི་སྐྱེ་ཁམས་ལྟ་སྐོར་ཐོན་ལས་གླིང་གི་ལས་དོན་མི་སྣས་འདྲེ་ཚེར་མ་འཐུ་བཞིན་པ། གསར་འགོད་པ་པད་མ་ཚེ་དབང་གིས་པར་བརྒྱབ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་ཡིད་འོང་ཇ་རའི་ལས་དོན་མི་སྣས་ཇ་ཞིང་ནང་དུ་ཇ་ལོ་འཐུ་བཞིན་པ། གསར་འགོད་པ་པད་མ་ཚེ་དབང་གིས་པར་བརྒྱབ།

    འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་དེང་རབས་ཞིང་ལས་ཚན་རྩལ་གླིང་གི་ལས་དོན་མི་སྣས་ལུག་མིག་མེ་ཏོག་འཐོག་བཞིན་པ། གསར་འགོད་པ་པད་མ་ཚེ་དབང་གིས་པར་བརྒྱབ།

    འདི་ནི་ལྷ་ས་གྲོང་ཁྱེར་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་ལས་དོན་མི་སྣས་ལྗང་མྱུག་གསོ་བཞིན་པ། གསར་འགོད་པ་བློ་བཟང་གིས་པར་བརྒྱབ།

    བོད་ལྗོངས་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། ཆ་སྙོམས་ས་བབ་སྨི་4000ལྷག་ཟིན། འདི་གར་གངས་རི་དང་། རྩྭ་ཐང་། ཆུ་བོ་སོགས་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ཡོད་ལ། ཆུ་དང་རླུང་། ཉི་འོད་སོགས་ནུས་རྒྱུ་གཙང་མ་ཡང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དེ་མིན་གནའ་བོའི་ཁྲོམ་གཞུང་དང་། གནའ་བོའི་དགོན་སྡེ། སྤོས་དང་ལྷ་མོ་སོགས་རིག་གནས་ཀྱི་གཞི་རྒྱུ་མང་པོས་སྐྱེ་བོ་ཀུན་གྱི་ཡིད་དབང་བཀུག་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “བོད་ལྗོངས་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་པས། དོན་དངོས་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་རེད།

    ཐུན་མོང་མ་ཡིན་པའི་གནས་ཡུལ་གྱི་ལེགས་ཆ་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པས། རང་ལྗོངས་ཀྱིས་སྲུང་སྐྱོང་དང་འཕེལ་རྒྱས་གལ་ཆེ་མཉམ་དུ་འཛིན་རྒྱུ་དུས་དང་རྣམ་པ་ཀུན་ཏུ་མཐའ་འཁྱོངས་བྱས་ནས་ཁྱད་ལྡན་ཞིང་འབྲོག་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཁྱད་ལྡན་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་བ་དང་ཆབས་ཅིག ཕྱི་ནང་ཟུང་འབྲེལ་དང་། ལེགས་ཆ་གསབ་རེས། གཉིས་ཁེ་གཉིས་ཕན་བཅས་ཀྱི་མཐའ་རྒྱུད་སྒོ་དབྱེའི་དཔལ་འབྱོར་ཁུལ་མགྱོགས་མྱུར་བསྐྲུན་ཏེ། རང་ངོས་ཀྱི་དོན་དངོས་དང་འཚམ་ཞིང་ས་ཁོངས་ཀྱི་ཁྱད་ཆོས་མངོན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རིམ་གྱིས་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།