དབུ་ཤོག>པར་མཛོད།
  • བཀྲ་ཤིས་ཁང་གསར་ནང་ལ། བདེ་སྐྱིད་རྩ་བ་ཚུགས་སོང་།

    དིང་རི་རྫོང་རྒྱ་མཚོ་ཤང་རྒྱ་ཕུ་གྲོང་ཚོའི་མི་ཚང་ཞིག་གི་ཁང་གསོལ་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-21

    འདི་ནི་བསོད་ནམས་དོན་གྲུབ(གཡས་ཀྱི་གཉིས་པ)ཀྱིས་ཡུལ་མི་ཚོ་དང་མཉམ་དུ་སྡོད་ཁང་གསར་པར་དིང་རིའི་ལྷོ་གཞས་འཁྲབ་བཞིན་པ།

    དགུན་ཐ་ཆུང་གི་དྲོད་འཇམ་ཉི་འོད་ཁང་པའི་ཐོག་ཁར་འཕྲོས་པ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རྒྱ་མཚོ་ཤང་རྒྱ་ཕུ་གྲོང་ཚོའི་བསོད་ནམས་དོན་གྲུབ་བྲེལ་འཚུབ་ཧ་ཅང་ཆེ། དེ་ཉིན་ནི་བསོད་ནམས་དོན་གྲུབ་ཁྱིམ་གྱིས་ཡུན་རིང་རེ་སྒུག་བྱས་པའི་ཁང་གསོལ་གྱི་ཉིན་མོ་རེད།

    རྒྱ་ཕུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེའི་གཙོ་སྐྱོང་འོག ཁང་གསོལ་འགོ་ཚུགས་ཤིང་། ཁོང་གིས་བསོད་ནམས་དོན་གྲུབ་ཀྱི་ནང་མི་ཡོངས་ལ་དཀར་གཙང་མཇལ་དར་བསྒྲོན་ནས“སྔོན་ཆད་གོད་ཆག་བྱུང་མྱོང་བའི་ས་ཆ་འདི་ཏང་གི་དྲོ་སྐྱིད་ཉི་འོད་འོག སླར་ཡང་སྐྱེ་སྟོབས་རྒྱས་པར་ཤོག ཁྱིམ་ཚང་བདེ་ཞིང་སྐྱིད་པར་ཤོག ཆུ་སྣོད་ཆུ་ཡིས་དགང་བར་ཤོག ཐབ་ཁ་མེ་ཡིས་ཁེངས་པར་ཤོག”ཅེས་སྐད་གསང་མཐོན་པོས་བཤད།

    སྨོན་འདུན་དེའི་ནང་བསོད་ནམས་དོན་གྲུབ་ཁྱིམ་ལ་འཚོ་བ་གསར་པ་སྐྱེལ་རྒྱུ་ཡོང་བའི་སྨོན་ཚིག་བཟང་པོ་འདུས།

    “ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་ནས་ང་ཚོ་གཞི་ནས་ཁང་པ་གསར་པར་མགྱོགས་པོ་སྤོ་རྒྱུ་བྱུང་བ་རེད”ཅེས་རྡོ་རྗེས་བཤད་པ་དང་། དེ་གར་ཡོད་པའི་མི་ཚང་མས་ཁོང་གི་སྐད་ཆར་མོས་པའི་བརྡ་ལ་གཅིག་རྗེས་གཉིས་མཐུད་ངང་མགོ་བོ་ལྕོག་ལྕོག་བྱས།

    ཉི་མ་ནུབ་ཁར་སྐུ་མགྲོན་ཚོ་རིམ་གྱིས་ལོག་པ་དང་བསོད་ནམས་དོན་གྲུབ་སྒོ་རའི་ནང་ལངས་ནས་ཐག་རིང་གི་གངས་རིར་ལྟ་བཞིན་ཡོད་པ་དང་། སྐར་ལྔའི་དར་དམར་ཁང་སྟེང་དུ་ལྷབ་ལྷུབ་ཏུ་གཡོས་ནས་བརྗིད་ཉམས་ལྡན་པའི་ཇོ་མོ་གླང་མ་དང་ཕན་ཚུན་གཅིག་ལ་གཅིག་རྒྱན་ལྟར་སྣང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།