མེ་ཟོན་སྲུང་བཅད་བརྟན་དུ་བཏང་། ཁྱིམ་ཚང་ཁྲི་ཡི་དུས་བདེ་བསྲུངས།

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་119མེ་ཟོན་དྲིལ་བསྒྲགས་ཟླ་བའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་བཙུགས་ཤིང་། “སྲིད་གཞུང་གིས་སྣེ་ཁྲིད་པ་དང་། སྤྱི་ཚོགས་ཀྱིས་གཞོགས་འདེགས་བྱེད་པ། མང་ཚོགས་ཀྱིས་དང་ལེན་བྱེད་པ”བཅས་ཀྱི་དྲིལ་བསྒྲགས་བྱེད་སྟངས་བརྒྱུད། སྤྱི་དམངས་བྱེད་སྒོ་དེའི་ནང་ཞུགས་པའི་སྤྲོ་སེམས་འཕེལ་བ་མ་ཟད། ད་དུང་མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་དམངས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་ནས་མེ་སྐྱོན་ཆེ་རིགས་དང་ཚབས་ཆེན་སྔོན་འགོག་མཐའ་གཅིག་ཏུ་བྱུང་ཡོད།
འདི་ནི་འགོ་ཚུགས་མཛད་སྒོའི་ཐོག་མེ་གསོད་རུ་མིས་གྲོང་མིར་རོགས་སྐྱོབ་སྒྲིག་ཆས་བེད་སྤྱོད་གཏོང་སྟངས་སློབ་བཞིན་པ།
འབྲེལ་ཡོད་གསར་འགྱུར།