རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་མར་སུན་འགྲན་རྒྱུག་གི་དངུལ་གྱི་རྟགས་མ་བླངས་པ།

ཟླ་11ཚེས་15ཉིན་གྱི་ཞོགས་པར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མཆོང་རྒྱུག་འཕེན་གསུམ(མར་སུན་འགྲན་རྒྱུག)གྱི་འགྲན་བསྡུར་ཧྲེན་ཀྲེན་དབན་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་ཡོད།
འགྲན་ལམ་ཧྲིལ་པོར་སྤྱི་ལེ་42.195ཡོད་པ་དང་། ཧྲེན་ཀྲེན་དབན་ཟམ་ཆེན་བརྒྱུད་ཧྲེན་ཀྲེན་ལྷོ་རིའི་ཁུལ་དང་ཤང་ཀང་ཡོན་ལང་ཁུལ་དུ་སྦྲེལ་ཡོད། ཆུ་ཚོད་གཉིས་ལྷག་ཙམ་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོས་ཆུ་ཚོད་2དང་། སྐར་མ་30 སྐར་ཆ་25ཡི་ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས་བུད་མེད་མར་སུན་འགྲན་རྒྱུག་གི་དངུལ་གྱི་རྟཌ་མ་བླངས་པ་རེད།
འདི་ནི་འགྲན་བསྡུར་བྱ་ཡུལ་དུ་རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོ་མཐའ་ཚུགས་སུ་རྒྱུག་བཞིན་པ།
འབྲེལ་ཡོད་གསར་འགྱུར།