དབུ་ཤོག>པར་མཛོད།
  • སྤྱི་གླིང་གི་མཛེས་ལྗོངས་ཀྱིས་གྲོང་ཁྱེར་ལ་བཀྲག་མདངས་བསྣན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-16

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད། སྤྲོ་གསེང་སྤྱི་གླིང་མང་པོ་གསར་དུ་བསྐྲུན་པ་བརྒྱུད། ལྷ་སར་རིམ་བཞིན“སྨི་500ཡི་སར་ཡུལ་ལྗོངས་ཤིག་ཡོད་པ་དང་། སྒོ་འགྲམ་དུ་སྤྱི་གླིང་ཡོད་པ། ཐག་རིང་ཤོས་ལ་སྨི་300ཙམ་བསྐྱོད་ཚེ་སྤྲོ་གསེང་ལུས་སྦྱོང་བྱ་ཡུལ་ཡོད་པ་བཅས”ཀྱི་དེང་རབས་འཚོ་བའི་ཁོར་ཡུག་རིམ་བཞིན་གྲུབ་པ་ལས། གྲོང་མི་ཚོ་རྒྱུན་དུ་སྤྲོ་གསེང་དང་ལུས་སྦྱོང་བྱེད་པར་སྟབས་བདེ་བསྐྲུན་པ་མ་ཟད། གྲོང་ཁྱེར་སྔོ་འགྱུར་གྱི་སྤུས་ཚད་མངོན་གསལ་དོད་པོས་ཡག་ཏུ་སོང་ཡོད། འདི་ནི་ལྷ་སའི་མཐུན་སྒྲིལ་སྤྱི་གླིང་གི་ཟུར་ཞིག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།