“ས་གཞི་ཆེན་པོའི་གླུ་དབྱངས། སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཞེས་པའི་བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)སྒྱུ་རྩལ་ཚོགས་པའི་རིག་རྩལ་དམངས་ཕན་འཁྲབ་སྟོན་ལྷུན་གྲུབ་རྫོང་དུ་བྱས་པ།

ཉེ་ཆར། “ས་གཞི་ཆེན་པོའི་གླུ་དབྱངས། སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཞེས་པའི་བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)སྒྱུ་རྩལ་ཚོགས་པའི་རིག་རྩལ་དམངས་ཕན་འཁྲབ་སྟོན་ལྷུན་གྲུབ་རྫོང་དུ་བྱས་ཤིང་། འཁྲབ་སྟོན་ནང་ལེ་ཚན་རྩེ་གྲ་14འདུས་ཡོད་པ་དང་། འཁྲབ་སྟོན་པས་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་ནས《འབྲུ་མཛོད》དང《བཀྲ་ཤིས་སྨོན་འདུན》ཞེས་པ་སོགས་ཕུལ་བྱུང་བརྩམས་ཆོས་འཁྲབ་སྟོན་བྱས་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ཏེ། མང་ཚོགས་500ལྷག་ཙམ་ལ་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།