དབུ་ཤོག>པར་མཛོད།>པར་མཁན།
  • ད་ལོའི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་120ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-12

    འདི་ནི་དོས་སྒམ་བྱུར་བུར་བླུགས་པའི་དུས་གཏན་མེ་འཁོར་ཀོང་ཤིས་ཆིན་ཀྲོའུ་ལྕགས་ལམ་དོས་སྒམ་ལྟེ་བའི་འབབ་ཚུགས་ནས་ལམ་ལ་ཐོན་བཞིན་པ།

    ཟླ་11ཚེས་5ཉིན་བར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱི་ད་ལོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་ཚད་ལྡན་དོས་སྒམ་ཁྲི་120ལས་བརྒལ་ནས་ཚད་ལྡན་དོས་སྒམ་ཁྲི་121.4ཟིན་པ་དེ་དུས་མཚུངས་ལས་63.2%འཕར་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་དོས་སྒམ་དངོས་ཟོག་ཁྲི་444.1དབོར་ནས་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་འབྲེལ་མཐུད་དང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་སྒོ་དབྱེ་ཟབ་ཏུ་གཏོང་བ་བཅས་ཀྱི་ཟོག་འགྲེམས་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།