བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་སྟོན་གྱི་མཛེས་ལྗོངས།

ཟླ་11ཚེས་4ཉིན། མཁའ་དབྱིངས་ནས་པར་བླངས་པའི་བོད་ལྗོངས་ཉིང་ཁྲི་སྨན་གླིང་རྫོང་ཕད་གྲོང་རྡལ་གྱི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་སྟོན་གྱི་མཛེས་ལྗོངས་ལྷག་པར་མཛེས་ཤིང་། མཁའ་དབྱིངས་སུ་འཁྲིགས་པའི་སྤྲིན་དཀར་ཚོམ་བུ་དང་། གྲོག་རོང་དུ་རྒྱུག་པའི་གྱ་གྱུ་ཅན་གྱི་གཙང་པོ། མཐོ་ཞིང་བརྗིད་པའི་གངས་རི་བཅས་ལས་ས་མཐོའི་ཐུན་མོང་མ་ཡིན་པའི་བརྗིད་ཉམས་ཤིག་ངང་གིས་མངོན་ཏེ། བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རྣམ་པ་ཞིག་རི་མོར་བྲིས་པ་ལྟར་སྣང་།
འབྲེལ་ཡོད་གསར་འགྱུར།