བཟོ་བོས་ཕུགས་འདུན་སྙེགས། རྒྱུན་འཛིན་གསར་གཏོད་བྱེད།

ལྷ་བྲིས་པས་ཞལ་ཐང་བཞེངས་བཞིན་པ།

ལྷ་བྲིས་པས་ཞལ་ཐང་བཞེངས་བཞིན་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་ལྷ་བྲིས་པའི་རིམ་པ་དཔྱད་བསྡུར་གཏན་འབེབས་བྱེད་པའི་འགྲན་བསྡུར་ཆེ་མོ་སྐབས་དང་པོ་གཉེར་ཞིང་། བརྩམས་ཆོས་ལ་དཔྱད་ཞིབ་དང་། ཡུལ་དངོས་ལ་གསར་རྩོམ། རིགས་པའི་གཞུང་ལུགས་ལ་དཔྱད་ཞིབ་བཅས་བྱས་པ་བརྒྱུད། ལྷ་བྲིས་པ(དེའི་ཁྲོད་རིམ་པ་དང་པོ་2དང་། རིམ་པ་གཉིས་པ་3 རིམ་པ་གསུམ་པ་5བཅས་ཡོད)10དཔྱད་འདེམས་བྱས་པ་རེད།
ཐེངས་འདིའི་རིམ་པ་དཔྱད་འདེམས་ཀྱི་གྲུབ་འབྲས་ལས་གཞིས་རྩེ་གྲོང་ཁྱེར་གྱི་ལྷ་བྲིས་ཤེས་ལྡན་པའི་མཛོད་འཛུགས་པ་དང་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་གསར་གཏོད་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
འབྲེལ་ཡོད་གསར་འགྱུར།