འཆམ་མཐུན་འཚོ་གནས་ཁོར་ཡུག་ཡངས་པོ་རུ། བག་ཕེབས་ཅི་དགར་རོལ་བའི་རྣམ་པ་བཟང་།

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་བབ་སྡོད་བྱེད་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།

ལྷ་ཀླུ་འདམ་རའི་སྟོན་ལྗོངས་ཡིན་པ།

རྫོང་རྒྱབ་ཀླུ་ཁང་གི་ཟུར་ཞིག་ཡིན་པ།

ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁོངས་ནས་པར་བླངས་པའི་ཤྭ་བ་སེར་ཆེན་ཡིན་པ།

ལྷ་སའི་གྲོང་མིས་གཙང་འགྲམ་དུ་འདབ་ཆགས་དང་མཉམ་དུ་པར་རྒྱག་བཞིན་པ།

ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་གིས་ཁོར་ཡུག་འཕྲོད་བསྟེན་ཕྱོགས་ཡོངས་ནས་བཅོས་སྒྲིག་གི་བྱེད་སྒོ་སྤེལ་བཞིན་པ།

ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ལས་དོན་མི་སྣས་ཡར་ཀླུང་གཙང་འགྲམ་དུ་ལྕང་མ་འཛུགས་བཞིན་པ།
སྲོག་ཆགས་རང་གནས་སུ་ལོག་པ་ནི་སྐྱེ་ཁམས་ལེགས་སུ་ཕྱིན་པའི་གསོན་ཉམས་དོད་ཤོས་ཀྱི་མཚོན་ཚུལ་ཞིག་རེད། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་སྲུང་སྐྱོང་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་ཡུལ་མིའི་སྒོ་རའི་ནང་བབས་ནས་བག་ཕེབས་ངང་ཟས་འཚོལ་བ་དང་། བྱང་རྩྭ་ཐང་གི་རྩྭ་ཆུ་འཛོམས་སར་དགོ་བ་གནས་སྤོ་བ་དང་བསྟུན་ནས་སྐོར་སྲུང་འབྲོག་པར་རྒྱང་ལྟ་བྱེད་པ། ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་དུ་པར་ཆས་ནང་གསའ་ཡང་ཡང་ཐོན་པ་བཅས་ལས་འདས་སོང་གཏོར་སྐྱོན་ཕོག་པའི་རྩྭ་ར་སླར་གསོ་བྱུང་བ་མཐོང་ཐུབ། སྲོག་ཆགས་དེ་དག་སྐྱེ་འཕེལ་བྱུང་བ་དེ་ཐོག་ནས་ས་མཐོའི་སྐྱེ་ཁམས་མ་ལག་གསོན་ཤུགས་རྒྱས་པ་མངོན་ཡོད།
རྒྱ་ཆེའི་ཞིང་འབྲོག་པས་སྲུང་སྐྱོང་བྱེད་པ་དེ་རྒྱུན་མཐུད་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། དིང་རི་རྫོང་གི་སྐྱེ་ཁམས་བདག་སྐྱོང་བ་ནས་སྦྲ་ཆེན་རྫོང་གི་རྩྭ་ཐང་སྲུང་སྐྱོང་བའི་བར་འབྲོག་པ་དེ་བས་མང་བ་སྐྱེ་ཁམས་སྤྱི་ཕན་ལས་གནས་སུ་བསྐྱོད་པར“སྐྱེ་ཁམས་ཀྱི་ཡོང་འབབ”ཡག་པོ་བྱུང་ཡོད། ཁོང་ཚོས་དངོས་སུ་རྩྭ་ཐང་དུ་བསྐྱོད་དེ་གད་སྙིགས་བསྒྲུགས་པ་དང་རྩྭ་ཁ་བཀག་པའི་དུས་སུ་འདམ་ར་བསྲུངས་ནས་བྱ་ཕྲུག་ལ་སྲུང་སྐྱོང་ལེགས་པར་བྱས་ཡོད།
ད་ཆའི་བོད་དུ་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། སྐྱེ་ཁམས་སླར་གསོའི་ལས་གྲྭས་སྲུང་བཅད་བརྟན་པོ་བསྐྲུན་པ་དང་། རྩ་ཆེ་ལ་དཀོན་པའི་སྲོག་ཆགས་ཁྱུ་ཚོགས་སླར་གསོ་བྱུང་བ། ཞིང་འབྲོག་པར་སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུ་བྱུང་བ་བཅས་མི་དང་རང་བྱུང་ཁམས་དབར“ཉམས་གསོ་དང་། སྲུང་སྐྱོང་། མཐོར་འདེགས”བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད། གངས་རི་དང་རྩྭ་ཐང་བརྒལ་བ་དང་མི་དང་རང་བྱུང་ཁམས་འབྲེལ་འདྲིས་བྱེད་པའི་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཟབ་མོ་འཛམ་གླིང་གི་ཡང་རྩེར་རྒྱུན་ཆད་མེད་པར་ཁྱབ་སྤེལ་འགྲོ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།