དབུ་ཤོག>པར་མཛོད།
  • རྒན་གསོའི་ལམ་དུ་བདེ་སྐྱིད་དཔལ་ལ་རོལ།

    མངའ་རིས་ས་ཁུལ་གྱི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་སྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-31

    འདི་ནི“ལ་ཁའི་ཉི་མའི་མཛེས་པ”ཞེས་པའི་རྒན་དར་ཐང་ཆེན་ཞབས་བྲོ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་རྒན་དར་འཁྲབ་སྟོན་པས་གླུ་ལེན་གར་འཁྲབ་བྱས་ནས་དུས་ཆེན་དགའ་གཏོང་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱིས“དགུ་པའི་ཚེས་དགུའི་དུས་ཆེན་སྐབས་མི་སེམས་ལ་དྲོ་སྐྱིད་སྦྱིན། རྒན་རྒོན་ལ་འཚམས་འདྲི་དང་སེམས་ཁུར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

    དགུ་པའི་ཚེས་དགུའི་དུས་ཆེན་གྱི་སྔ་ནུབ་སྟེ། ཟླ་10ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་11པར་གསར་འགོད་པས་མངའ་རིས་ས་ཁུལ་གྱི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་བཅར་འདྲིར་བསྐྱོད་པ་ཡིན།

    “ང་ཚོའི་འདི་གར་ཡོང་མཁན་རྒན་རྒོན་མང་ཆེ་བ་སེང་གེ་ཁ་འབབ་གྲོང་ཁུལ་ནས་རེད། ཚང་མས་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཕྱི་ཕྱོགས་ལ་རིན་མེད་ངང་སྒོ་མོ་ཕྱེ་བ་ཤེས་ཀྱི་ཡོད་པས། ཉིན་ལྟར་འདི་གར་ཁ་ལག་ཟ་མཁན་དང་། ལུས་སྦྱོང་བྱེད་མཁན། མིག་མངས་རྩེ་མཁན། གཞས་གཏོང་མཁན་མང་པོ་ཡོད”ཅེས་མངའ་རིས་ས་ཁུལ་གྱི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་པ་སངས་ནོར་སྒྲོན་གྱིས་གསར་འགོད་པར་བཤད་བྱུང་།

    ལོ་68ལ་སླེབས་པའི་དཔལ་ལྡན་རྡོ་རྗེ་འདི་གར་རྒྱུན་དུ་ཡོང་བ་དང་། ཉིན་མོའི་ལྟ་སྐྱོང་ལྟེ་གནས་ནི་དུས་རྒྱུན་ཁོང་གི་འགྲོ་ས་གཙོ་བོ་ཞིག་རེད། “ངའི་བུ་རྩྭ་མདའ་རྫོང་དུ་ལས་ཀ་བྱེད་པ་དང་ཁྱིམ་དུ་ང་དང་ཨ་མ་རྒན་མོ་དང་བཟའ་ཟླ་ལས་མེད། སྟབས་ལེགས་པ་ཞིག་ལ་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཡོད་པས་འདི་གར་ཁ་ལག་བཟའ་ཆོག་ལ་གྲོགས་པོ་རྙིང་པ་དང་ཁ་བརྡ་གློད་ནས་སྡོད་ཆོག གཟུགས་པོ་བདེ་པོ་མེད་དུས་ད་དུང་འདི་གའི་ལས་དོན་པར་སྨན་བཅོས་བྱེད་རོགས་ཞེས་རེ་བ་ཞུ་ཆོག”ཅེས་དཔལ་ལྡན་རྡོ་རྗེས་བཤད།

    སྡེ་ཁུལ་གྱི་རྒན་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་ཆེད། ལྟེ་གནས་དེས་ནུས་པ་དང་ངེས་གནས་གཞིར་བཟུང་། བྱེད་སྒོ་ཁང་དང་། ངལ་གསོ་ཁང་། འཕུར་མཉེད་ཁང་། ལུས་སྦྱོང་ཁང་། ལྟད་མོ་ཁང་སོགས་སྒྲིག་ཆས་དང་སྒྲིག་བཀོད་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། རིམ་པ་མང་བ་དང་། སྣ་ཁ་མང་བ། རྣམ་པ་མང་བ་བཅས་ཀྱི་རྒན་རྒོན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་ཕྱོགས་ཡོངས་ནས་སྐོང་བཞིན་ཡོད།

    ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་ལས་དོན་པ་སྐལ་བཟང་རྒྱལ་མཚན་གྱིས་བརྗོད་དོན། ང་ཚོས་ལས་དོན་ཁག་རྒན་རྒོན་གྱི་འཚོ་བའི་ནང་མཉམ་འདྲེས་བྱས་ཏེ་བསྒར་བརྒྱན་རྣམ་པའི་རྒན་གསོའི་ཞབས་ཞུར་སྐུལ་འདེད་བཏང་ནས། ཞབས་བྲོ་དང་ལག་ཤེས་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དང་། དུས་བཀག་བཞིན་རི་མོ་འབྲི་བ་དང་། བདེ་ཐང་གི་འོས་འགན་སྨན་བཅོས། ཤེས་བྱ་འཆད་ཁྲིད་སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།