ཧྲེན་ཀྲུང་བགྲོད་ལམ་གྱི་མི་བཟོས་གླིང་ཕྲན་ནུབ་མར་རིག་གནས་ཡུལ་སྐོར་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་པ།

ཟླ་10ཚེས་25ཉིན། ཧྲེན་ཀྲུང་བགྲོད་ལམ་མིས་བཟོས་གླིང་ཕྲན་ནུབ་མར་རིག་གནས་ཡུལ་སྐོར་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ཁག་ཐེངས་དང་པོར་སྨྱན་སྦྱོར་གསར་འགོད་པ་དང་ཡུལ་སྐོར་བ་བརྒྱ་ལྷག་ཙམ་མི་བཟོས་གླིང་ཕྲན་ནུབ་མར་འབྱོར་ཏེ་རིམ་འདས་འདུ་འགོད་ཀྱི་རིག་གནས་ཡུལ་སྐོར་ལམ་ཐིག་ལ་མྱོང་རོལ་བྱས་ཡོད། ཧྲེན་ཀྲུང་བགྲོད་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་24ཙམ་ཟིན་ཞིང་། ཟམ་པ་དང་། གླིང་ཕྲན། ཕུག་ལམ། ཆུ་འོག་བགྲོད་ལམ་བཅས་ཟུང་དུ་འབྲེལ་ཡོད་པ་དང་། 2024ལོའི་ཟླ་6ཚེས་30ཉིན་ནས་དངོས་སུ་འཁོར་རིགས་ཤར་གཏོང་ཐུབ་ཡོད། འདི་ནི་ཧྲེན་ཀྲུང་བགྲོད་ལམ་མིས་བཟོས་གླིང་ཕྲན་ནུབ་མའི་སྒོ་ར་དཀྱིལ་མའི་ལྗོངས་གཟིགས་སྒང་ནས་པར་བརྒྱབ་པའི་ཧྲེན་ཀྲུང་ཟམ་ཆེན་དང་མི་བཟོས་གླིང་ཕྲན་ནུབ་མའི་ཡུལ་ལྗོངས་ཡིན་པ།
འབྲེལ་ཡོད་གསར་འགྱུར།