སྤྲོ་སྣང་ལྡན་པའི་སློབ་གསེང་། གསོན་ཤུགས་རྒྱས་པའི་སློབ་ར།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གིས་ཕིང་ཕང་སྤོ་ལོ་དང་། ལག་རྩེད་སྤོ་ལོ། ཐག་མཆོང་། རྐང་རྩེད་སྤོ་ལོ་བཅས་དང་དེ་བཞིན་ཁྱད་ལྡན་གྱི་རླུང་འཕྲིན་ལུས་སྦྱོང་སོགས་གཙོ་བོར་བྱས་པའི་སློབ་གསེང་གི་བྱེད་སྒོ་ཆེན་པོ་སྤེལ་ཏེ། སློབ་མའི་སློབ་གསེང་གི་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། སློབ་མ་ཚོའི་ལུས་རྩལ་སྤྲོ་སེམས་ཀྱང་འཕེལ་བར་བྱས་ནས། སློབ་མ་ཚོས་ལུས་སྦྱོང་གི་སྤྲོ་བ་ཉམས་སུ་མྱོང་ཞོར་སེམས་ཁམས་དང་གཟུགས་པོ་ཡག་ཏུ་འགྲོ་ཐུབ་པ་བྱས་ཡོད།འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་མ་ཚོ་སློབ་གསེང་གི་ལུས་རྩལ་བྱེད་སྒོའི་ནང་ཞུགས་བཞིན་པ།
འབྲེལ་ཡོད་གསར་འགྱུར།