དབུ་ཤོག>པར་མཛོད།
  • གསར་བརྗེའི་སློབ་ཚན་ཁྲིད་ནས་བྱིས་པའི་སེམས་ཀྱི་ཞིང་ས་བརླན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-27

    གསར་བརྗེའི་སློབ་གསོ་ནི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། དུས་རབས་ཀྱི་མི་གསར་གསོ་སྐྱོང་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་གསར་བརྗེའི་རིག་གནས་དེ་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་སྣང་ཆེན་བྱས་ཏེ། གསར་བརྗེའི་གཏམ་རྒྱུད་ཤོད་པ་དང་། གསར་བརྗེའི་རྟེན་གཞིར་ལྟ་སྐོར་བྱེད་པ། བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། དགེ་སློབ་ཚོས་གསར་བརྗེའི་སྔོན་བྱོན་པ་ཚོའི་ཕུགས་བསམ་དད་སེམས་དང་རང་སྲོག་བློས་གཏོང་གི་སྙིང་སྟོབས་ཐད་ཀར་མྱོང་ཚོར་ཐུབ་ནས་དད་སེམས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། འདི་ནི་ཉེ་ཆར་ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་སློབ་ཆུང་གི་དགེ་སློབ་380ཡིས་བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་འདྲའི་རྟེན་མཛོད་ཁང་དུ་བསྐྱོད་དེ“གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི”བརྗོད་དོན་གཙོ་བོའི་སློབ་སྦྱོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།