སུར་པན་དམར་པོར་ཐོན་འབབ་ཡག་པོ་བྱུང་བ།
ཉེ་ཆར། ནང་སོག་ཐུང་ལེའོ་གྲོང་ཁྱེར་ཁའེ་ལུའུ་རྫོང་དུ་སུར་པན་དམར་པོ་བསྡུ་བའི་དུས་ཚིགས་འཆར་ཞིང་། ཁའེ་ལུའུ་རྫོང་ལ“ཀྲུང་གོའི་སུར་པན་དམར་པོའི་འབྱུང་གནས”ཞེས་པའི་མཚན་སྙན་བཟང་པོ་ལྡན་པ་དང་། ས་གནས་དེ་གའི་སུར་པན་དམར་པོའི་ཁ་མདོག་བཀྲ་ལ་སྤུས་ཀ་དག་པོ་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། ཉེ་བའི་ལོ་ཤས་རིང་། རྫོང་ཡོངས་ཀྱི་སུར་པན་དམར་པོ་འདེབས་ཁྱོན་མུའུ་ཁྲི་60བར་བརྟན་དུ་ཕྱིན་ཡོད།

འདི་ནི་ཟླ་10ཚེས་19ཉིན་ཐུང་ལེའོ་གྲོང་ཁྱེར་ཁའེ་ལུའུ་རྫོང་ཏུང་ཧྥུང་གྲོང་རྡལ་ལིའུ་ཧོ་ཐང་གྲོང་ཚོར་གྲོང་མི་ཚོས་སུར་པན་དམར་པོ་དབྱེ་གསེས་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།