2025VAUDEརྐང་འཁོར་མཐར་ཟད་འགྲན་བསྡུར་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ།
འདི་ནི་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ། (པར་འདི་རང་སྐྱོང་ལྗོངས་རྐང་འཁོར་དང་སྦག་སྦག་མཐུན་ཚོགས་ཀྱིས་མཁོ་འདོན་བྱས)
ཉེ་ཆར། 2025VAUDEརྐང་འཁོར་མཐར་ཟད་འགྲན་བསྡུར་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་བཅས་སུ་སྤེལ་བ་རེད།
ད་ཐེངས་འགྲན་བསྡུར་གྱི་དུས་ཡུན་ཉིན་བཞི་ཡིན་ཞིང་། བདམས་ཐོན་པ་ཚོ་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནས་ཐོན་འགོ་བཙུགས་ཏེ། ཡར་འབྲོག་གཡུ་མཚོ་དང་ཕྱག་གཡས་མཚོ་སོགས་མཛེས་ལྗོངས་ཁུལ་བརྒྱུད་མཐར་ཇོ་མོ་གླང་མའི་སྒར་ས་ཆེན་པོར་འབྱོར་ཡོད།
འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། འཕྲིན་ལས་ཉི་མ་དང་། RU-SANENKA ARTSIOM རྒྱལ་མཚན་ནོར་བུ་བཅས་ལ་སྐྱེས་པའི་སྤྱིའི་གྲུབ་འབྲས་ཀྱི་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ་དང་། ཁྲེན་མའེ་དབྱི་དང་། ཀྲོའུ་ཧུའེ་ཆན། ཀྲང་གཡོད་བཅས་ལ་བུད་མེད་ཀྱི་སྤྱིའི་གྲུབ་འབྲས་ཀྱི་ཨང་དང་པོ་ནས་གསུམ་པ་བར་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།