སྲོལ་རྒྱུན་བོད་ཆས་ཁྲོད་ནས་ལང་ཚོའི་རིན་ཐང་མངོན།
འདི་ནི་དཔལ་འབྱོར་བསྟན་དར་གྱིས་ཁྱིམ་གྱི་བཟོ་ཁང་དུ་རང་ཉིས་ཀྱིས་བཟོས་པའི་བོད་ལུགས་རྒྱན་ཆ་བསྡུ་གསོག་རྒྱག་བཞིན་པ།
འདི་ནི་དཔལ་འབྱོར་བསྟན་དར(གཡས་ཀྱི་དང་པོ)གྱིས་མོ་ཐྲོལ་གྱི་བོད་ཆས་སྟེང་རྒྱན་ཆ་འདོགས་བཞིན་པ།
འདི་ནི་དཔལ་འབྱོར་བསྟན་དར(གཡས་ཀྱི་དང་པོ)དང་མོ་ཐྲོལ་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ། མོ་ཐྲོལ་གྱིས་གྱོན་པའི་བོད་ཆས་ནི་ཁོང་རང་ཉིད་ཀྱིས་ཇུས་འགོད་བྱས་པ།
“00ནང་སྐྱེས”ཀྱི་བོད་ཆས་འཆར་འགོད་པ་མཁས་ཅན་དཔལ་འབྱོར་བསྟན་དར་གྱིས་གསར་གཏོད་ལ་བརྟེན་ནས་སྲོལ་རྒྱུན་གྱི་མཛེས་ཉམས་མངོན་པར་བྱེད་ཀྱི་ཡོད། ཁོང་ནི་སི་ཁྲོན་སློབ་ཆེན་རིག་དངོས་དང་རྟེན་མཛོད་ཆེད་ལས་ཀྱི་རབ་འབྱམས་པ་ཐོན་པ་དང་། ཆུང་བྱིས་པའི་དུས་ནས་ལྷ་མོ་དང་ཐང་ག་སོགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ལ་རྒྱུས་མངའ་ཆེན་པོ་ཡོད་པས། ཁོང་གིས་ལྡེབས་རིས་དང་ཐང་གའི་ཁྲོད་ནས་ཚོན་སྦྱོར་གྱི་ཉམས་སྣང་ལེན་པ་དང་དེང་རབས་ཀྱི་རས་རྒྱུ་སྤྱད་དེ་བོད་ལུགས་ཀྱི་མཛེས་པ་བསྐྱར་མཚོན་བྱས་ཏེ། བོད་ཆས་ལ་གནའ་ཉམས་ལྡན་ལ་དེང་རབས་ཀྱི་དར་སྲོལ་ལྡན་པར་བྱས་ཡོད། ཁོང་གི་བརྩམས་ཆོས་བོད་ཀྱི་དུས་ཆེན་ཙམ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་རིག་གནས་ཀྱི་གར་སྟེགས་ཐོག་ཏུའང་འགྲེམས་སྟོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།