ཧེ་ལུང་ཅང་ཞིང་ཆེན་གྱིས་འབྲུ་རིགས་གཅིག་སྡུད་དབོར་འདྲེན་དུས་གཏན་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ།
ཟླ་10ཚེས་11ཉིན། མེ་འཁོར་50ཚོ་ཆུང་བགོས་པ་དང་མ་རྨོས་ལོ་ཏོག་ཏུན་3200ལྷག་ཙམ་བླུགས་པའི་འབྲུ་རིགས་ཆེད་གཏོང་མེ་འཁོར་ཞིག་ཧེ་ལུང་ཅང་ཞིང་ཆེན་ཧྲོང་ཡ་ཧྲན་གྲོང་ཁྱེར་ཧྲེང་ཁྲང་འབབ་ཚུགས་ནས་ལེའོ་ཉིང་ཞིང་ཆེན་ཏ་ལན་གྲོང་ཁྱེར་དུ་བསྐྱོད་ཡོད། དངོས་ཟོག་དེ་དག་ཏ་ལེན་དུ་འབྱོར་རྗེས་ཧྲང་ཧའེ་དང་། སི་ཁྲོན། ཡུན་ནན་སོགས་སུ་བརྒྱུད་འདྲེན་བྱ་རྒྱུ་རེད། འདི་ནི་ད་ལོ་ཧེ་ལུང་ཅང་ཞིང་ཆེན་གྱིས་གཏོང་འགོ་ཚུགས་པའི་འབྲུ་རིགས་གཅིག་སྡུད་དབོར་འདྲེན་དུས་གཏན་མེ་འཁོར་ཐོག་མ་དེ་ཡིན་པ་དང་། བྱང་འབྲུ་ལྷོ་འདྲེན་ལ་རམ་འདེགས་བྱེད་ཀྱི་ཡོད། ལྕགས་ལམ་སྡེ་ཚན་གྱིས་རྗེས་མཐུད་དངོས་ཟོག་གཅིག་སྡུད་ཀྱི་གནས་ཚུལ་ལ་གཞིགས་ནས་སྣ་མང་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་དང་གྲོང་སྦྲེལ་དུས་གཏན་མེ་འཁོར་རྒྱུན་རྣམ་ཅན་དང་གཞི་ཁྱོན་ཅན་གྱི་སྒོ་ནས་བཏང་སྟེ་ཧེ་ལུང་ཅང་གི་སྤུས་ལེགས་ཞིང་ལས་ཐོན་རྫས་མགྱོགས་མྱུར་ཕྱི་འདྲེན་ལ་རོགས་རམ་བྱ་རྒྱུ་རེད།
འདི་ནི་སྐྱོད་བཞིན་པའི་འབྲུ་རིགས་ཆེད་གཏོང་མེ་འཁོར་ཡིན་པ།
འབྲེལ་ཡོད་གསར་འགྱུར།