ཤིས་ཁང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་དངོས་སུ་ལམ་ལྕགས་བཏིང་བ།
ཟླ་10ཚེས་11ཉིན། ཤིས་ཁང(ཧྲའན་ཤིས་ཤིས་ཨན་ནས་ཨན་ཁང་བར)མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་བྱ་ཡུལ་དུ་ཨར་ལས་མི་སྣས་རིང་ཚད་སྨི་500ཡི་སྲུབས་མེད་ལམ་ལྕགས་དེ་རྡོ་ཧྲུག་མེད་པའི་འཁོར་ལམ་ཐོག་བཏིང་བ་དེ་ཐོག་ནས་ཤིས་ཁང་མྱུར་བགྲོད་ལམ་ཐིག་ཧྲིལ་པོ་དངོས་སུ་གདིང་འགོ་ཚུགས་པ་མཚོན་ཡོད། ཆིན་ལིང་རི་རྒྱུད་ཀྱི་ཤིས་ཁང་མྱུར་བགྲོད་ལྕགས་ལམ་བརྒྱུད་པ་དང་གསར་དུ་བསྐྲུན་པའི་མ་ལམ་གྱི་ལམ་ཐིག་ཧྲིལ་པོར་ལམ་ཐག་སྤྱི་ལེ་171དང་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་350ཟིན་གྱི་ཡོད།
འདི་ནི་ཉིན་དེར་ཨར་ལས་འཁོར་རིགས་ཀྱིས་ཤིས་ཁང་མྱུར་བགྲོད་ལྕགས་ལམ་ཤིས་ཨན་འབབ་ཚུགས་ཤར་མ་ནས་ཉིའུ་པེ་ལེང་འབབ་ཚུགས་ཀྱི་བར་ཁོངས་སུ་སུབས་མེད་འཁོར་ལམ་འདིང་བཞིན་པ།
འབྲེལ་ཡོད་གསར་འགྱུར།