དམངས་ཡོངས་ལུས་སྦྱོང་བྱེད་པར་བྲེལ། ལུས་རྩལ་གྱི་སྤྲོ་སྣང་ལ་རོལ།
ཚེས་12ཉིན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། བོད་རང་སྐྱོང་ལྗོངས་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་དྲག་རྩལ་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་གཙོ་དོན་བྱེད་སྒོ་དང་ཐའེ་ཅི་དྲག་རྩལ་འགྲན་བསྡུར་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་བྱས་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་དེ་ཐའེ་ཅི་དྲག་རྩལ་དང་ཐའེ་ཅི་ཡོ་བྱད་རིགས་གཉིས་སུ་དབྱེ་ཡོད་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཐའེ་ཅི་དྲག་རྩལ་ལ་དགའ་པོ་ཡོད་མཁན་300ལྷག་ཙམ་དེའི་ནང་ཞུགས་པའི་ཡིད་དབང་བཀུག་ཡོད།
འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།