དུས་ཆེན་མཇུག་བསྒྲིལ་རྗེས་ཐོན་སྐྱེད་ལ་བྲེལ།

འདི་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཤིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁྲང་ཤིང་ཏི་ཐུང་རླངས་འཁོར་ལྷུ་ལག་ཚད་ཡོད་ཀུང་སིའི་ལག་རྩལ་མི་སྣས་བཟོ་ལས་འཕྲུལ་མི་བཀོལ་ཏེ་ནུས་གསར་རླངས་འཁོར་གྱི་ལྷུ་ལག་ཐོན་སྐྱེད་བྱེད་བཞིན་པ།

འདི་ནི་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་སུའེ་རྫོང་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་གྱི་གློག་རྡུལ་ཚན་རྩལ་ཀུང་སི་ཞིག་གི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པས་ལས་ཀ་བྱེད་བཞིན་པ།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་ངལ་གསོ་མཇུག་བསྒྲིལ་རྗེས་ས་གནས་ཁག་གི་ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།