ལོ་ངོ་སྟོང་གི་སྤོས་ལས་དྲི་བསུང་གསར་པ་འཐུལ་བ།
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ནི་སྤོས་ཀྱི་འབྱུང་གནས་ཡིན་པ་དང་སྤོས་བཟོ་བའི་ལག་རྩལ་དེར་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 2008ལོར་སྙེ་མོའི་སྤོས་བཟོ་བའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཅིང་། སྙེ་མོ་རྫོང་སྙེ་མོ་ཐོན·ཀུན་བཟང་ཆོས་སྒྲོན་སྤོས་བཟོ་གྲྭར་རྒྱུ་ཆ་གཡོས་སྦྱོར་ནས་འཕྲུལ་ཆས་ཀྱིས་གནོན་བཟོ་བྱེད་པ་དང་། དེ་ནས་ལག་པས་ཐུམ་སྒྲིལ་རྒྱག་པའི་བར། སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ཐོན་སྐྱེད་བྱེད་སྟངས་ཟུང་འབྲེལ་བྱས་ནས་སྙེ་མོའི་སྤོས་བཟོ་བའི་རྩེར་སོན་ལག་རྩལ་དང་རྒྱུན་འཛིན་གྱི་གསོན་ཤུགས་མངོན་པར་བྱས། འདི་ནི་ལས་མིས་སྤོས་གྲིབ་སྐམ་གཏོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།