དབུ་ཤོག>པར་མཛོད།
  • གཞོན་ནུའི་བློ་གསར་ལ་བརྟེན་ནས་མི་རིགས་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-09

    ལོ་29ལ་སླེབས་པའི་བཀྲ་ཤིས་དཔའ་ལྡན་ནི་བོད་ལྗོངས་ཡ་ཁོ་རེ་སྤུས་རྟགས་ཇུས་འགོད་ཚད་ཡོད་ཀུང་སི་འཛུགས་མཁན་རེད། ཉེ་བའི་ལོ་ཤས་རིང་ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་བོད་ཀྱི་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་སྒྲིག་ཆས་དང་འགེལ་རིས་སོགས་ཐོན་རྫས་མང་པོ་གསར་སྤེལ་བྱས་པ་དག་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད། བཀྲ་ཤིས་དཔའ་ལྡན་གྱིས་རང་ཉིད་ནི་བོད་ཀྱི་ས་གནས་དེ་གའི་སྒྱུ་རྩལ་མཁས་ཅན་དང་ཕྱི་རོལ་གྱི་ཁྲོམ་ར་འབྲེལ་མཐུད་བྱེད་པའི་འབྲེལ་ཟམ་ལྟ་བུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ས་གནས་དེ་གའི་སྒྱུ་རྩལ་མཁས་ཅན་དང་མཉམ་ལས་བྱས་ནས་ཐོན་རྫས་ཞིབ་འཇུག་གསར་སྤེལ་གྱི་མ་གནས་ཀྱི་འགན་འཁུར་བ་དང་། སྒྱུ་རྩལ་མཁས་ཅན་གྱི་གསར་གཏོད་རང་བཞིན་ལ་བརྩི་འཇོག་བྱེད་པ་དང་ཆབས་ཅིག མཚོན་མདོག་སྡེབ་སྦྱོར་དང་གྲུབ་ཆ་སོགས་ལ་གྲོས་འགོ་འདོན་རྒྱུའི་འགན་འཁུར་གྱི་ཡོད། ཁོང་གིས་ད་དུང་བརྙན་ཐུང་དང་ཐད་གཏོང་སོགས་ནས་ཐོན་རྫས་ཁྱབ་གདལ་བཏང་སྟེ། རིག་གནས་གསར་གཏོད་ཐོན་རྫས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་འདོན་ཐུབ་རེ་བྱེད་ཀྱི་ཡོད། འདི་ནི་བོད་ལྗོངས་ཡ་ཁོ་རེ་སྤུས་རྟགས་ཇུས་འགོད་ཚད་ཡོད་ཀུང་སིའི་བཀྲ་ཤིས་དཔའ་ལྡན(གཡས་ཀྱི་དང་པོ)དང་ལས་རོགས་ཚོ་ཚོགས་འདུ་ཚོགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།