རྒྱལ་སྟོན་གྱི་གུང་གསེང་ཚར་ལ་ཉེ་ཡང་ཡུལ་སྐོར་བྱེད་མཁན་སྔར་བཞིན་མང་བ།
ཟླ་10ཚེས་6ཉིན་ཅང་ཤིས་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་ཡན་ཧྲན་རྫོང་ཧྲི་ཐང་གྲོང་རྡལ་དུ་ཡུལ་སྐོར་བས་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་པ།
ཟླ་10ཚེས་7ཉིན་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཆིན་ཧོའེ་ཆུས་ཀྱི་ཧྥུའུ་ཙི་ལྷ་ཁང་དུ་ཡུལ་སྐོར་བས་སྤྲོ་གསེང་ལྟ་སྐོར་བྱེད་བཞིན་པ།
ཟླ་10ཚེས་7ཉིན་ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཁྲེང་ཧྲན་ཐོའུ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་འབྲེང་འཁོར་ལ་བསྡད་དེ་མཛེས་ལྗོངས་ལ་ལྟ་བཞིན་པ།
ཟླ་10ཚེས་6ཉིན་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཅིན་ཨན་ཧུའུ་སྤྱི་གླིང་གི་སྤང་ལྗོངས་སྟེང་མི་རྣམས་སོས་དལ་བག་ཕེབས་ངང་སྡོད་པ།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་ཚར་ལ་ཉེ་ཡང་ས་གནས་ཁག་ཏུ་ཡུལ་སྐོར་བྱེད་མཁན་སྔར་བཞིན་མང་ཞིང་། ཚང་མས་མཛེས་ལྗོངས་ལ་ལྟ་བ་དང་ཞིམ་ཟས་ལ་རོལ་ཏེ་གུང་གསེང་དགའ་གཏོང་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།