ལྷོ་ཁ་གྲོང་ཁྱེར་གྱིས།
འགོ་ནད་དང་སྐྱེ་དངོས་བདེ་འཇགས་ཀྱི་དངོས་འཐབ་ཅན་གྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ།

ལྷོ་ཁ་གྲོང་ཁྱེར་གྱི་2025ལོའི་ཐོལ་བྱུང(བྱི་ནད)འགོ་ནད་དང་སྐྱེ་དངོས་བདེ་འཇགས་ཀྱི་དངོས་འཐབ་ཅན་གྱི་འཕྲལ་སྡོམ་ནང་སྦྱོང་ཟངས་རི་རྫོང་དུ་བྱས་ཤིང་། འདི་ནི་ནང་སྦྱོང་བྱེད་ཡུལ་དུ་ལས་དོན་པས་དུག་སེལ་བྱེད་བཞིན་པ།
ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གྱི་2025ལོའི་ཐོལ་བྱུང(བྱི་ནད)འགོ་ནད་དང་སྐྱེ་དངོས་བདེ་འཇགས་ཀྱི་དངོས་འཐབ་ཅན་གྱི་འཕྲལ་སྡོམ་ནང་སྦྱོང་ཟངས་རི་རྫོང་དུ་བྱས་ཤིང་། དེའི་དམིགས་ཡུལ་ནི་འགོ་ནད་སྔོན་འགོག་དང་ཚོད་འཛིན་དང་སྐྱེ་དངོས་བདེ་འཇགས་ལས་དོན་གྱི་དགོས་མཁོ་དངོས་ལ་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་འགོ་ནད་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་གནས་པའི་ཞན་ཆ་ཤེས་རྟོགས་བྱེད་པ་མ་ཟད། སྔོན་འགོག་དང་འཕྲལ་སྡོམ་ཐག་གཅོད་ནུས་པར་ཞིབ་བཤེར་བྱ་ཆེད་རེད།
ཟངས་རི་རྫོང་རིམས་ནད་སྔོན་འགོག་ལྟེ་གནས་ཀྱི་ནང་སྦྱོང་ནང་ཞུགས་མཁན་འཇམ་དབྱངས་དོན་གྲུབ་ཀྱིས“ད་ཐེངས་ཀྱི་ནང་སྦྱོང་ཡག་པོ་བྱུང་སོང་། ནང་སྦྱོང་བྱས་པ་བརྒྱུད་སྡེ་ཚན་མང་པོའི་མཉམ་ལས་འདུ་ཤེས་དང་ལས་ཆོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད། སླད་ཕྱིན་གྱི་ལས་ཀའི་ཁ་ཕྱོགས་ཀྱང་གསལ་པོ་བྱུང་སོང་བས་འཕྲལ་སྡོམ་ནུས་པ་ལེགས་སུ་མུ་མཐུད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་ནང་སྦྱོང་བྱས་པ་བརྒྱུད། འབྲེལ་ཡོད་མི་སྣའི་དོན་དངོས་ཀྱི་བཀོལ་སྤྱོད་རྩལ་ནུས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། སྔོན་འགོག་སྔོན་བརྡ་དང་། འཕྲལ་སྡོམ་ཐག་གཅོད། དེ་བཞིན་སྨན་པ་དང་། སྨན་གཡོག ལག་རྩལ་པ་སོགས་ཆེད་ལས་མི་སྣ་ཁག་གིས་བརྒྱུད་རིམ་ཧྲིལ་པོའི་དངོས་འཐབ་འོག་གི་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ནུས་ཆེ་རུ་ནུས་ལྡན་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱིས་ཐོལ་བྱུང་འགོ་ནད་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་ཐག་གཅོད་ནུས་པ་སྔར་བས་ཆེ་རུ་བཏང་སྟེ། “དང་ལེན་ཧུར་ཐག་དང་། ཐག་གཅོད་ནུས་ལྡན། བརྡར་སྦྱོར་ལམ་སྲོལ། དཔུང་ཁག་ལ་སྦྱོང་བརྡར། ནུས་ཤུགས་གཅིག་སྒྲིལ”བཅས་ཀྱི་ནང་སྦྱོང་དམིགས་ཚད་ལེགས་གྲུབ་ཏན་ཏིག་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།