གློག་འོད་ཀྱིས་རབ་ཏུ་བརྒྱན་པའི་ཆུ་ཤུར་རྫོང་གི་མཚན་ལྗོངས།
འདི་ནི“གློག་འོད་ཀྱིས་རབ་ཏུ་བརྒྱན་པའི་མཚན་མོའི”བྱེད་སྒོ་སྤེལ་ཡུལ་ཡིན་པ།
འདི་ནི་གྲོང་མི་དང་ཡུལ་སྐོར་བས་ལྒང་བཞུར་ལྟ་བཞིན་པ།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གིས“གློག་འོད་ཀྱིས་རབ་ཏུ་བརྒྱན་པའི་མཚན་མོའི”བྱེད་སྒོ་སྤེལ་ཏེ། སྲོལ་རྒྱུན་གྱི་མཛེས་རིག་དང་དེང་རབས་ཀྱི་ཚན་རྩལ་མཉམ་དུ་འདྲེས་པའི་མཚན་མོའི་རིག་གནས་ཡུལ་སྐོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། བྱེད་སྒོར་གློག་འོད་མང་པོ་རྒྱབ་ལྗོངས་སུ་བྱས་ཏེ། མེ་སྟག་འཁྲབ་སྟོན་དང་། རྩལ་རྩེད་མིག་འཕྲུལ། མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་སོགས་བྱས་ནས། གློག་སྒྲོན་སྣ་ཚོགས་ཁྲོད་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པའི་མཚན་མོའི་ཡུལ་སྐོར་ཉམས་ལེན་ཐུབ་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།