ལྷ་ས་གྲོང་ཁྱེར“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པ”ཡིས།
མེ་ཟོན་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བསྐྲུན་པ།

སྡེ་ཁུལ་གྱི་ལས་དོན་པས་མེ་ཐོག་མར་འབར་སྐབས་ཀྱི་གསོད་ཐབས་སྦྱོང་བཞིན་པ།

ཚན་པའི་ལས་བྱེད་པ་དང་ལས་བཟོས་སྣེའུ་ཁུལ་གསར་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་བཞིན་པ།

ལྷ་ས་གྲོང་ཁྱེར“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པའི”ཁོངས་མིས་ཨར་སྐྲུན་བྱ་ཡུལ་དུ་བསྐྱོད་དེ་བཟོ་པ་ཚོར་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སློབ་བཞིན་པ།
ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པ”ཡིས་ཉེ་དུས་ཀྱི་དུས་ཚིགས་ཀྱི་ཁྱད་ཆོས་ལ་གཞིགས་ནས། “ཁྱབ་གདལ་དྲུག”གི་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དམ་འཛིན་བྱ་གཞིར་བྱས་ཏེ། མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་སྤྱི་ཚོགས་ལས་རིགས་ཁག་གི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་འགོག་རང་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་བརྟན་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
ལྷ་ས་གྲོང་ཁྱེར“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པའི”ཁོངས་མིས་ལས་ཁུངས་ཚན་པ་དང་། སློབ་གྲྭ རྒན་གསོ་ཁང་། ཞིང་འབྲོག་ཁུལ། དགོན་སྡེ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་དེ་མེ་ཟོན་དྲིལ་བསྒྲགས་ཀྱི་ཉེན་ཟོན་སློབ་གསོ་དང་གསོ་སྦྱོང་ནང་སྦྱོང་གི་ལས་དོན་སྤེལ་ཞིང་། རྒྱ་ཆེའི་མང་ཚོགས་ལ་ཁྱིམ་དུ་མེ་གཏོང་སྐབས་ཡིད་གཟབ་མ་བྱས་པ་དང་། གློག་ཆས་ཀྱི་གློག་སྐུད་རྙིང་པ་ཆགས་པ། གློག་སྒུལ་སྦག་སྦག་གང་བྱུང་དུ་གློག་གསོག་པ་སོགས་ལས་མེ་སྐྱོན་ཇི་ལྟར་བྱུང་ཚུལ་ལ་དབྱེ་ཞིབ་བྱས་པ་མ་ཟད། ཁྱིམ་ཚང་གི་མེ་སྐྱོན་སྔོན་འགོག་གི“གཙང་སེལ་གསུམ་དང་བཀག་དགོས་པ་གསུམ”དང་། མེ་སྐྱོན་ཐོན་ཡུལ་ནས་ཐར་ཐབས་དང་རང་སྐྱོབ་བྱེད་ཐབས། མེ་ཟོན་གྱི་ཁ་པར་119རྒྱག་སྟངས་སོགས་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་ཡོད། དགོན་སྡེར་འགྲོ་སྐྱོད་བྱེད་མཁན་མི་ཚོགས་མང་བ་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཐོན་ཚབས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པའི”ཁོངས་མིས་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་དོ་དམ་དང་། མེ་སྐྱོན་སྔོན་འགོག་དང་མེ་ཐོག་མར་འབར་སྐབས་ཀྱི་གསོད་ཐབས་སོགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གྲྭ་བཙུན་དང་ཡུལ་སྐོར་བའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་འགྲོ་རྒྱུར་ཁྲིད་སྟོན་བྱས་ནས་འཕྲལ་སྡོམ་ཐག་གཅོད་ཀྱི་འཇོན་ཐང་ཆེ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།