དབུ་ཤོག>པར་མཛོད།
  • ལྗང་མདོག་འགྲོ་སྐྱོད། མཛེས་སྡུག་མཉམ་སྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-05

    ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས“ལྗང་མདོག་འགྲོ་སྐྱོད”ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ལེགས་གཏོང་། ཆ་འཕྲིན་ཅན་གྱི་རིམ་སྤོར་ལ་སྐུལ་འདེད། ནུས་རྒྱུ་གསར་པའི་རླངས་འཁོར་བཀོལ་སྤྱོད་ཁྱབ་གདལ། ཞབས་ཞུའི་སྤུས་ཚད་མཐོར་གཏོང་སོགས་ཀྱི་བྱ་ཐབས་སྤྱད་དེ། གྲོང་མིར་སྤྱི་སྤྱོད་རླངས་འཁོར་ལ་སྡོད་རྒྱུའི་ཁྲིད་སྟོན་བྱས་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། འདི་ནི་གྲོང་མི་སྤྱི་སྤྱོད་རླངས་འཁོར་ནང་སྡོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།