མང་ཚོགས་ཀྱི་དཀའ་ངལ་བསལ་ནས་ཏང་དམངས་དབར་གྱི་བརྩེ་སེམས་ཟབ་ཏུ་བཏང་བ།
འདི་ནི་མཚར་པ་ནང་གྲོང་ཚོའི་ལས་དོན་རུ་ཁག་གི་རུ་མིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ནང་མིར་རོགས་དངུལ་སྤྲོད་བཞིན་པ།
དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་དཀའ་ངལ་སེལ་རོགས་བྱ་ཆེད། ཉེ་ཆར། ཆུ་ཤུར་རྫོང་མཚར་པ་ནང་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་རུ་ཁག་གིས་ཞལ་འདེབས་རྒྱག་རྒྱུའི་གྲོས་འགོ་བཏོན་ཏེ། ཅུས་ལས་ཁུངས་སུ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་དང་ཅུས་ཡོངས་ཀྱི་ལས་བྱེད་ལས་བཟོས་ཁྱོན་དངུལ་སྒོར་12500ཞལ་འདེབས་བརྒྱབ་པ་རེད།
མཚར་པ་ནང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་དང་མཚར་པ་ནང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་འཐུས་མིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་དུད་ཚང་བཞིར་ཞལ་འདེབས་དངུལ་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།