བློ་རིག་བཀྲ་བའི་བྱིས་པས་འཁྲབ་རྩལ་སྦྱངས། ལྷ་མོའི་སྒྱུ་རྩལ་མ་ཉམས་གོང་དུ་སྤེལ།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ལྷ་མོའི་དགེ་རྒན་གྱིས་ཕྲུ་གུ་ཚོར་ལྷ་མོ་སློབ་བཞིན་པ།
བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཕྲུ་གུ་ཚོས་ལྷ་མོ་སྦྱོང་བཞིན་པ།
བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ལྷ་མོ་སྦྱོང་མཁན་ཕྲུ་གུ་ཚོས་ཕན་ཚུན་འཁྲབ་སྟངས་ཡོ་བསྲང་བྱེད་བཞིན་པ།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མས་ལྷ་མོ་སྦྱོང་བཞིན་པ།
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་སློབ་མ་ཚོས་ལྷ་མོའི་འཁྲབ་ཆས་གྱོན་བཞིན་པ།
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་སློབ་མ་ཚོས་ལྷ་མོའི་འཁྲབ་ཆས་གྱོན་བཞིན་པ།
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཕྲུ་གུ་ཚོས་ལྷ་མོ་སྦྱོང་བཞིན་པ།
བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་རྒན་པ་སངས་དང་ལྷ་མོ་སྦྱོང་མཁན་ཕྲུ་གུ་ཚོས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཕྲུ་གུ་ཚོས་ལྷ་མོ་སྦྱོང་བཞིན་པ།
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་སློབ་མ་ཚོས་ལྷ་མོ་སྦྱོང་བཞིན་པ།
བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཕྲུ་གུ་ཚོས་ལྷ་མོ་སྦྱོང་བཞིན་པ།
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཕྲུ་གུ་ཚོས་ངལ་གསོའི་དུས་སུ་ལྷ་མོ་འཁྲབ་སྟངས་སྦྱོང་བཞིན་པ།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ཕྲུ་གུ་ཚོས་ལྷ་མོ་སྦྱོང་བཞིན་པ།
གཟའ་མཇུག་ཏུ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འཁྲུག་ཆ་ཤིན་ཏུ་དོད་ཅིང་། ལྷ་མོའི་སྒྱུ་རྩལ་མཁས་ཅན་པ་སངས་ཀྱིས་ལྷ་མོ་སྦྱོང་མཁན་སློབ་མ་ཆུང་ཆུང་ཚོར་རྐེད་པ་དང་ལག་པ་སྒུལ་སྟངས་སོགས་ཀྱི་སྟངས་སྟབས་སློབ་བཞིན་ཡོད།
2015ལོར། བོད་ཀྱི་མང་ཚོགས་སྒྱུ་རྩལ་ཁང་དུ་རིན་མེད་ལྷ་མོ་གསོ་སྦྱོང་འཛིན་གྲྭ་བཙུགས་པའི་ཉིན་ནས་བཟུང་། པ་སངས་ཀྱིས་དེ་གར་རིན་པ་མི་ལེན་པར་སློབ་ཁྲིད་རྒྱུན་འཁྱོངས་བྱས། ཁོ་མོས“ཕྲུ་གུ་ཚོར་ལྷ་མོ་སྦྱོང་འདོད་ཆེན་པོ་འདུག སེམས་ཤུགས་དེ་ལྟ་བུའི་འོག་ལྷ་མོར་དེ་བས་གསོན་ཤུགས་ལྡན་ངེས་རེད”ཅེས་བརྗོད། ལོ་བཅུའི་རིང་པ་སངས་ཀྱིས་ལྷ་མོ་སྦྱོང་མཁན་མང་པོ་གསོ་སྐྱོང་བྱས་ཡོད། བོད་ཀྱི་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞིག་ཡིན་པའི་ལྷ་མོ་ནི་རྐང་སྟབས་དང་། ལག་སྟབས། ལུས་ཀྱི་ཉམས་འགྱུར། ངག་གི་གདངས་དབྱངས་སོགས་གཅིག་ཏུ་འདུས་པའི་འཁྲབ་སྟོན་སྒྱུ་རྩལ་ཞིག་རེད། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་བརྩམས་ཆོས་མིང་གཞུང་ནང་བཅུག་ཡོད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི“འཇའ་མཚོན་སྣ་ལྔའི་གཟའ་ཕུར་བུའི”སློབ་ཚན་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་ནང་སྦྱོང་ཁང་། བོད་ཀྱི་སློབ་ཚན་མང་པོ་དང་སྤྲོ་སྣང་འཛིན་གྲྭ་བཅས་ནས་གྲགས་འོང་བ་ནི་བོད་ཀྱི་ཕྲུ་གུ་ཚོས་བཏང་བའི་གནའ་བོའི་གླུ་གཞས་ཙམ་མ་ཡིན་པར་ལྷ་མོའི་སྒྱུ་རྩལ་ལ་གསོན་ཤུགས་གསར་པ་རྒྱས་པའི་ཉམས་མེད་ཀྱི་བྲག་ཆ་ཞིག་དེ་བས་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།