མཚོ་སྔོན་ཚྭ་འདམ་ཆེ་བའི་གྲམ་ཐང་བ་ཚྭ་ཅན་ཞིང་ས་གཤིན་པོར་གྱུར་པ།
འདི་ལོ་ཚུན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ལྷན་མ་ཧའེ་གྲོང་ཚོས“སྐྱེ་ཁམས་དང་། ཞིང་ལས། ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི”མཉམ་འདྲེས་གཏིང་ཟབ་དམ་འཛིན་བྱ་གཞིར་བྱས་ནས། མུའུ་ཁྲི་ཡི་ཞིང་ཁར་ཉི་མ་མེ་ཏོག་བཏབ་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དུས་མཉམ་དུ་ཆེ་རུ་གཏོང་བའི་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།

འདི་ནི་2025ལོའི་ཟླ་8ཚེས་6ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ལྷན་མ་ཧའེ་གྲོང་ཚོར་ལས་མིས་ཉི་མ་མེ་ཏོག་ལ་གཡོག་བྱེད་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།