བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།
འདི་ནི་9ཚེས་15ཉིན་གྱི་འགོ་ཚུགས་མཛད་སྒོར་བུད་མེད་ཀྱི་རྐྱང་གཞས《བོད་ཤར་མུ་ཏིག》ཅེས་པ་ལེན་བཞིན་པ།
འདི་ནི་ཟླ་9ཚེས་15ཉིན། འཁྲབ་སྟོན་པས་འགོ་ཚུགས་མཛད་སྒོར་བུད་མེད་ཀྱི་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།
ཟླ་9ཚེས་15ཉིན། གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཉིན་གསུམ་གྱི་སྒྱུ་རྩལ་དུས་ཆེན་ཐོག་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཆབ་མདོའི་ཐུན་མིན་གྱི་ལོ་རྒྱུས་རིག་གནས་དང་། མི་རིགས་ཀྱི་གོམས་སྲོལ། དུས་རབས་ཀྱི་ཉམས་འགྱུར་བཅས་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།