དབུ་ཤོག>པར་མཛོད།
  • སྡོད་ཁང་གི་འཕོ་འགྱུར་ནས་དམངས་འཚོ་ལེགས་སུ་ཕྱིན་པའི་བར་གྱི་འགྱུར་ལྡོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    འདི་ནི་རྐང་བཙུགས་ཀྱི་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་གསར་པའི་ཟུར་ཞིག་ཡིན་པ།

    ཉི་མ་ནུབ་རིའི་ཕང་བར་བཞུད་ལ་ཁད་དུ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་རྒོད་གསར་སྡེ་ཁུལ་གྱི་ལོ་62ལ་སླེབས་པའི་རྐང་བཙུགས་ག་ལེར་རང་ཁྱིམ་དུ་ལོག ནང་དུ་སླེབས་རྗེས་ཁྲུས་ཁང་ནང་ཆུ་ཚ་པོས་གཟུགས་པོ་སྐྱིད་པོ་ཞིག་བཀྲུས་པས་ཉིན་གཅིག་གི་ངལ་དུབ་བསལ། དེ་ལྟ་བུའི་སྐྱིད་སྣང་ནི་ཁོང་ཆུང་བྱིས་པའི་དུས་སུ་འགྲུབ་ཐབས་ཡེ་ནས་མེད་པའི་ཉིན་མོའི་རྨི་ལམ་ལྟ་བུ་ལས་མ་འདས།

    “ད་ལྟའི་འཚོ་བ་སྐྱིད་པོ་འདི་འདྲ་སྔོན་མ་བསམ་བློའི་ཡུལ་དུའང་འཁོར་མྱོང་མེད”གཟུགས་པོ་བཀྲུས་རྗེས་རྐང་བཙུགས་ཀྱིས་ཇ་བསྲུབས་མ་ཕོར་པ་གང་བཏུངས་ཏེ་བློ་བདེ་་བག་ཕེབས་ངང་འབོལ་ཁྲིར་བསྙེས་ནས་བསྡད། ཁང་པའི་ཐོག་ནས་གྱང་སྟེང་དུ་འོད་འཕྲོ་སྐབས་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་ངང་གིས་སྟེར། དེ་ནས་རྐང་བཙུགས་ཀྱིས་ཉིས་ཐོག་གི་ཁང་པར་ལྟ་བཞིན་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་འདས་དོན་ཞིག་ཡིད་ལ་གསལ་ལེར་འཆར།

    1963ལོར་སྐྱེས་པའི་རྐང་བཙུགས་ནི་ཕྲུ་གུའི་ནང་ནས་ཆུང་ཤོས་ཡིན་ཞིང་། “སྐབས་དེ་དུས་ནང་མི་དྲུག་པོ་་སྨི་ངོས་གྲུ་50ལས་མེད་པའི་སོ་ཕག་ཁང་པར་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། ཁང་པའི་ཐོག་ཀྱང་འདམ་རྩྭ་བསྲེས་ནས་བཀབ་པ་ཞིག་ཡིན་པས། ཆར་པ་བབས་ཕྱིན་ནང་ལ་ཐིགས་པ་བརྒྱབ་སྟེ་འདམ་རྙོག་གིས་ཁེངས་ནས་འདྲེད་བརྡབ་ཤོར་གྱི་ཡོད། ད་ལྟ་ནང་བཞིན་ཆུ་དང་གློག་མེད་ལ། ཐོག་དཔངས་དམའ་ལ་སྒེའུ་ཁུང་ཡང་ཆུང་བས་ཁང་པ་ནག་ཁུང་རེད། ནང་མི་འཚང་ཁ་བརྒྱབ་ནས་སྡོད་དགོས་པའི་ཁར། ལྟོ་གྲོད་པ་རྒྱགས་པ་ཞིག་དང་གོས་ལུས་པོ་དྲོ་བ་ཞིག་ཀྱང་མེད་པས། ངོ་མ་འཚོ་བ་སྐྱོ་པོ་རེད”ཅེས་ཁོང་གི་རྣམ་འགྱུར་དང་སྐད་ཆའི་ཁྲོད་ནས་ཡིད་སྐྱོ་བའི་སྣང་བ་ཞིག་ངང་གིས་མངོན་འོང་།

    1983ལོར་ཁོང་དང་བཟའ་ཟླ་གཉེན་སྒྲིག་བྱས་རྗེས། ཨར་འདམ་གྱི་ཁང་པ་གསར་པ་ཞིག་བརྒྱབ། 2000ལོའི་ཡས་མས་སུ། ཁོང་གིས་སྒོ་ར་ཆུང་ཆུང་དེ་ཞིག་བཟོ་བྱས་ནས་ས་སྟོང་དུ་མཛོད་ཁང་ཞིག་བརྒྱབ་སྟེ། ཞིང་སྤྱོད་འཕྲུལ་ཆས་འཇོག་ས་དང་སྒོ་ཕྱུགས་ལོགས་སུ་སྡོད་ས་ཡོད་པར་བྱས།

     “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འཚོ་བ་དེ་བས་སྐྱིད་དུ་ཕྱིན་སོང”ཞེས་རྐང་བཙུགས་ཀྱིས་བཤད། ཁོང་གིས་རང་གི་ཉེ་འགྲམ་དུ་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་མགྱོགས་པོ་འགྲོ་བ་མིག་མཐོང་ལག་ཟིན་བྱུང་ཞིང་། གྲོང་མི་མི་ཉུང་བ་ཞིག་གིས་ས་འོག་མདོང་ལམ་དྲུས་པ་དང་ཆུ་བཤལ་གཏོང་རྒྱུ་ཡོད་པའི་གསང་སྤྱོད་བཟོས་པ། ཁྱིམ་ཚང་ཚང་མར་སྲོལ་རྒྱུན་གྱི་གསང་སྤྱོད་སྒྱུར་བཀོད་ལེགས་གྲུབ་བྱུང་ཡོད།

    ཐིགས་པ་རྒྱག་པའི་ས་ཕག་ཁང་པ་ནས་སྲ་ཞིང་བརྟན་པའི་ཨར་འདམ་ཁང་པ་དང་། དེ་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་ཉིས་ཐོག་བར་རྐང་བཙུགས་ཁྱིམ་གྱི་སྡོད་ཁང་ལ་བྱུང་བའི་འཕོ་འགྱུར་ནི་ཁང་པའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་ཙམ་མ་ཟད། དེ་ནི་རང་ལྗོངས་ཀྱི་འཕེལ་རྒྱས་འགྱུར་ལྡོག་གི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་ཡིན་ཞིང་། དེ་ལས་ཁྱིམ་ཚང་མང་བས“སྡོད་སའི་ཁང་པ་ཡོད་པ་དང་བདེ་སྡོད་གནས་འཕྲོད”ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།