དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་པ།
ད་ལོའི་ཟླ་9ཚེས་10ཉིན་ནི་དགེ་རྒན་དུས་ཆེན་ཐེངས་ཞེ་གཅིག་པ་ཡིན་ཞིང་། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ནས། སློབ་གསོའི་འཐབ་ཕྱོགས་སུ་དཀའ་སྤྱད་ལེགས་སྐྱེས་འབུལ་མཁན་གྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་དགེ་རྒན་དུས་ཆེན་ཐེངས་ཞེ་གཅིག་པའི་འཚམས་འདྲི་དང་རིག་རྩལ་སྐོང་འཁྲབ་ཀྱི་བྱེད་སྒོ་སྤེལ་བཞིན་པ།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སློབ་འབྲིང་གི་ལོ་རིམ་དགུ་པའི་དབྱིན་ཡིག་དགེ་རྒན་གྱིས་དགེ་རྒན་དུས་ཆེན་ཉིན་སློབ་ཚན་འཁྲིད་བཞིན་པ།
ལྷ་ས་གྲོང་ཁྱེར་དགེ་འོས་སློབ་གྲྭའི་ཞོར་གཏོགས་སློབ་ཆུང་གི་དགེ་རྒན་ཚོས་དགེ་རྒན་དུས་ཆེན་ཉིན་མོར་སློབ་གསོའི་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བའི་དམ་བཅའ་འཇོག་བཞིན་པ།
འབྲེལ་ཡོད་གསར་འགྱུར།