ཅང་ཤེས་རྟ་ཕོའི་བང་རྩལ་འགྲན། བདེ་སྐྱིད་འཚོ་བའི་དཔལ་ལ་རོལ།
2025ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་སྐོར་གྱི་པར་རིས་བདམས་བཀོད།
འགོ་ཚུགས་མཛད་སྒོར་ཚང་མས་རྒྱལ་གླུ་ལེན་པ་དང་རྒྱལ་དར་བསྒྲེངས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བཞིན་པ།
འགོ་ཚུགས་མཛད་སྒོར་རྟ་པས་རྟ་རྩལ་ངོམ་བཞིན་པ།
རྟ་རྩལ་རུ་ཁག་གིས་རྟ་རྩལ་ངོམ་བཞིན་པ།
རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་པ།
འགོ་ཚུགས་མཛད་སྒོར་རྟ་རྩལ་འཁྲབ་སྟོན་རུ་ཁག་གིས་རྫིག་ཉམས་དོད་པོས་མཛད་སྒོར་ཞུགས་བཞིན་པ།
རིག་རྩལ་བྱེད་སྒོའི་ཐོག་གི་འབྲོག་གླུ་སྙན་མོ།
འགོ་ཚུགས་མཛད་སྒོར་རྟ་པས་རྟ་རྩལ་ངོམ་བཞིན་པ།
ཕོ་གཞོན་བདེ་ལྕག་འཁྱུག རྟ་རྩལ་ལྟད་མོ་ཆེ།
ནག་ཆུ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཚན་ཚོགས་ཐོག་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
འ
ཁྲབ་སྟོན་པས་ཞབས་བྲོ་འཁྲབ་བཞིན་པ།
ཉེ་ཆར། དུས་ཡུན་ཉིན་གསུམ་རིང་གི་2025ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་གེ་སར་རྟ་རྒྱུག་ཐང་དུ་གཉེར་བ་རེད། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར། ས་ཕྱོགས་ཁག་ནས་ཡོང་བའི་ལྟད་མོ་བ་དང་སྐུ་མགྲོན་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་མ་གྲོས་གཅིག་མཐུན་གྱིས་དེ་གར་འཛོམས་ཏེ། རྟ་རྒྱུག་འགྲན་བསྡུར་གྱི་ངོ་མཚར་ལ་ལྟ་བ་དང་། གླུ་ལེན་གར་འཁྲབ་ཀྱིས་དགའ་བདེའི་དཔལ་ལ་རོལ་བཞིན་མཆིས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དུས་བཟང་འདིར། རྟ་རྒྱུག་དུས་ཆེན་དེ་ནི་དོན་སྙིང་ཧ་ཅང་ཟབ་པའི་རྟེན་འབྲེལ་མཚོན་པའི་བྱེད་སྒོ་ཞིག་ཡིན་པ་སྨོས་མེད་རེད་ལ། ལོ་འདི་དག་རིང་ནག་ཆུ་གྲོང་ཁྱེར་གྱི་སྤྱི་ཚོགས་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གང་ལེགས་མངོན་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད། རྟ་རྒྱུག་འགྲན་བསྡུར་ནང་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན་སོགས་ཞིང་ལྗོངས་ཁག་གི་གྲགས་ཅན་རྟ་པ་མང་པོ་ཞུགས་ཡོད་པ་དང་། ད་ཐེངས་ཀྱི་འགྲན་བསྡུར་བྱེད་སྒོར་རྣམས་གྲངས་ཁག་13དང་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ཁག་2བཀོད་སྒྲིག་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།